ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

2019-05-08 འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཟླ་5ཚེས་5ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་པེ་ཅིང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་།—བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན”ལ་གཟིགས་སྐོར་གནང་བཞིན་པ།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་པེ་ཅིང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་།——བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན”ལ་གཟིགས་སྐོར་གནང་། 
            ཝང་དབྱང་གིས་བསྟན་དོན། ལོ་60ཡི་སྔོན་ལ་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དེ་ནི་བོད་ཀྱི་ལོ་རྒྱུས་སུ་ཆེས་རླབས་ཆེ་བ་དང་ཆེས་གཏིང་ཟབ་པ། ཡར་ཐོན་གྱི་དོན་སྙིང་ཆེས་ཆེ་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་ལ། ལོ་ངོ་60ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་རྒྱ་ཆེན་པོ་ཐོབ་པ་དང་།  མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་ནས་ཡར་རྒྱས་སུ་ཕྱིན་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་བྱུང་བ། ཆོས་དད་རང་མོས་ལ་འགན་སྲུང་ཐུབ་པ་བྱུང་། ལོ་རྒྱུས་ཀྱིས་ར་སྤྲོད་ཁུངས་བཙུན་བྱུང་བ་ནི། དམངས་གཙོ་བཅོས་བསྒྱུར་མེད་ན། བོད་ལྗོངས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཡར་ལངས་བཅིངས་འགྲོལ་ཐོབ་མི་ཐུབ་པ་དང་།  བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡོད་མི་སྲིད་ཅེས་གསུངས།
            ཝང་དབྱང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱི་དེ་རིང་གི་རྣམ་པ་བཟང་པོ་ལས་སླ་བོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་ཧ་ཅང་གཅེས་སྤྲས་བྱེད་དགོས།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག  བོད་ལྗོངས་ཀྱི་ཕྱུག་འགྱུར་དར་སྤེལ་དང་ཡུན་སྐྱོང་བརྟན་བརླིང་གི་རྣམ་པ་གསར་བ་མུ་མཐུད་ནས་གསར་གཏོད་བྱས་ནས། གངས་ལྗོངས་ མཐོ་སྒང་སྔར་ལས་བརྟན་བརླིང་ཞི་འཇགས་དང་རིགས་སོ་སོའི་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པ་བྱེད་དགོས་ཅེས་བསྟན། 
            ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་སོགས་ཀྱིས་མཉམ་དུ་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
            “ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་།—བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན”ནི་པར་རིས་500ལྷག་དང་། འགྲེམ་སྟོན་དངོས་པོ་48དང་ལད་ཟློས་སྨྱན་མང་གཟུགས་སོགས་བཀོལ་ནས་ཕྱོགས་ཡོངས་དང་འབུར་གཟུགས་ཀྱི་རྣམ་པས་བོད་ལྗོངས་ཀྱི་ལོ་ངོ་60རིང་གི་མཚར་སྡུག་གི་འཕེལ་རྒྱས་མཚོན་ཡོད་ལ། བོད་སྤྱི་ཚོགས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་གི་མུན་ནག་གཏིང་ཟབ་པར་ཐེར་འདོན་བྱས་པ་དང་། 1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཚོགས་ཁག་གིས་དྲག་པོའི་འོས་ལངས་བྱས་པའི་ལོ་རྒྱུས་དོན་དངོས་ཕྱོགས་ཡོངས་ནས་ཕྱིར་མངོན་པ་དང་། ལོ་ངོ་60རིང་གི་བོད་ལྗོངས་ཀྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་འགྱུར་གསོན་ཉམས་ལྡན་པར་བསྟན་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་གནང་བའི་ཐུགས་ཁུར་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ནས་ཐོབ་པའི་མངོན་གསལ་གྱི་གྲུབ་འབྲས་གསལ་བོར་མཚོན་ཡོད། འགྲེམས་སྟོན་དངོས་སུ་སྒོ་ཕྱེ་ནས་ཟླ་བ་གཅིག་ལྷག་ལོན་པའི་རིང་ལ་དངོས་སུ་ལྟ་སྐོར་ལ་ཡོང་བའམ་དྲ་ཐོག་ནས་ལྟ་མཁན་གྱི་རིམ་པ་སོ་སོའི་སྐུ་མགྲོན་མི་ཐེངས་ཁྲི་ཚོ་5ལས་བརྒལ་ཡོད། འགྲེམས་སྟོན་འདི་སྔོན་དཔག་ལྟར་ན་ཟླ་12པའི་ཟླ་མཇུག་ལ་མཇུག་སྒྲིལ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག