ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དེ་རིང་ཞོགས་པར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་ས་འགུལ་ཚད་རིམ་6.6ཅན་ཞིག་བྱུང་བ།

2020-07-23
         ཀྲུང་གོའི་ས་འགུལ་ལས་ཁུངས་དྲ་བས་དངོས་སུ་བརྟག་དཔྱད་གཏན་འཁེལ་བྱས་པ་ལྟར་ན། ཟླ་7པའི་ཚེས་23ཉིན་གྱི་ཆུ་ཚོད་4པ་དང་སྐར་མ་7གྱི་ཐོག་ཏུ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་(བྱང་འཕྲེད་ཚད་ཏུའུ་33.19དང་ཤར་གཞུང་ཚད་ཏུའུ་86.81)དུ་ས་འགུལ་ཚད་རིམ་6.6ཅན་ཞིག་བྱུང་བ་དང་འགུལ་ཁུངས་ཟབ་ཚད་སྟོང་སྨི་10རེད། ཚེས་23ཉིན་གྱི་ཆུ་ཚོད་8པའི་བར་དུ། མི་ལ་ཤི་རྨས་དང་ཁང་པ་ཞིག་པ། སྒོ་ཕྱུགས་རྒྱུ་ནོར་ལ་གནོད་འཚེ། ལམ་འགག་པ་སོགས་ཀྱི་སྙན་ཞུ་འབྱོར་མི་འདུག
         རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཉི་མ་རྫོང་གི་བརྡ་འཕྲིན་དང་གློག་ཤུགས། ཆུ་མཁོ་འདོན་སོགས་རྒྱུན་གཏན་རེད།
འབྲེལ་ཡོད་རྩོམ་ཡིག