ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་བོད་ལྗོངས་དྲ་བས་ལས་མི་བསྡུ་བའི་བརྡ་སྦྱོར།

2015-05-05 ཨ་གུར།
   ཀྲུང་གོའི་བོད་ལྗོངས་དྲ་བ་ནི༢༠༠༠ལོར་གསར་དུ་ཕྱེས་པ་ཡིན་ཞིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐད་གཏོགས་ལས་དོན་ལས་ཁུངས་དང་ཀྲུང་དབྱང་གི་གནད་ཆེའི་གསར་འགྱུར་དྲ་བ ༡༤ ཁྲོད་ཀྱི་གཅིག་ཡིན། ད་དུང་རྒྱལ་ཁབ་ཕྱི་ནང་དུ་སྐད་རིགས་ཆེས་མང་ཞིང་དོ་སྣང་ཆེས་ཆེ་བའི་བོད་དོན་གསར་འགྱུར་གྱི་ཕྱོགས་བསྡུའི་སྟེགས་བུ་ཞིག་ཡིན། མིག་སྔར། རྒྱ་ཡིག་དང་། བོད་ཡིག དབྱིན་ཡིག འཇར་མན་གྱི་ཡི་གེ ཧྥ་རན་སིའི་ཡི་གེ་བཅས་ཀྱི་ཡན་ལག་དྲ་བ ༥ ཡོད་ལ། འཐབ་ཇུས་འཆར་འགོད་པུའུ་དང་། སྐུད་མེད་ལས་དོན་པུའུ། གློག་ཚོང་ལས་དོན་པུའུ། གཞི་གྲངས་ལྟེ་གནས། གླེང་ཕྱོགས་ཞིབ་འཇུག་ལྟེ་གནས་སོགས་ཀྱི་སྡེ་ཁག་དུ་མས་གྲུབ། འགན་ཁུར་གཙོ་བོ་ནི་བོད་ཁམས་དཔལ་འབྱོར་གྱི་འཕེལ་རྒྱས་གསར་པའི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཐོན་རྫས་གསར་གཏོད་བྱེད་པ་དང་། འཛམ་གླིང་ཧྲིལ་བོ་དང་། ལྷག་པར་དུ་བོད་ཁམས་ཀྱི་བེད་སྤྱོད་མཁན་ལ་རིན་ཐང་ལྡན་པའི་འབྲེལ་ཡོད་བོད་དོན་གསར་འགྱུར་འདོན་སྤྲོད་བྱས་ཏེ། བོད་ཁུལ་དང་མཉམ་དུ་འཕེལ་རྒྱས་དང་། རྒྱལ་ཁབ་དང་མཉམ་དུ་སྟོབས་ཆེན་དུ་འགྱུར་བ། མིའི་རིགས་དང་མཉམ་དུ་དར་རྒྱས་འགྲོ་བ་དེའོ། ། 
   ཀྲུང་གོའི་བོད་ལྗོངས་དྲ་བས“མི་ནུས་གང་ཡོད་འདོན་པ་དང་། དངོས་ཤུགས་གང་ཡོད་སྤྱོད་པའི”རྩ་བའི་འདུ་ཤེས་བཟུང་སྟེ། ཧུར་བརྩོན་གྱིས“མི་ཚང་མར་དགའ་ཚོར་དང་གྲུབ་སྣང་ཡོད་པའི་”བྱ་བའི་རྣམ་པ་བསྐྲུན་ནས། ཚད་ལྡན་སློབ་སྦྱོང་གི་སྦྱོང་བརྡར་དང་འགྲན་རྩོད་ཡོད་པའི་གླ་ཕོགས། འཐུས་ཚང་གི་ཕན་བདེའི་མ་ལག་གིས་ལས་བཟོ་རྣམས་ལ་ཡར་སྐྱེད་ཀྱི་གོ་སྐབས་སྤྲོད་ཀྱི་ཡོད་པས། ངེད་བོད་ལྗོངས་དྲ་བས་ལྷག་བསམ་ཟོལ་མེད་ཀྱིས་བློ་སྤོབས་དང་ཤེས་ཡོན་ལྡན་པའི་མི་སྣ་ང་ཚོའི་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། 

དང་པོ།  ལས་གནས་དང་ལས་འཁུར་འོས་ཚད། 

(གཅིག)རྒྱ་ཡིག་རྩོམ་སྒྲིག་དང་བརྙན་གཟུགས་སྒྲིག་སྦྱོར། (མི་སྣ་འགའ་བསྡུ་རྒྱུ་ཡིན་ཞིང་ལས་གནས་ལྷ་ས་ཡིན)
༡། རང་ལོ ༣༥ ཡི་མན་ཡིན་པ་དང་། ཉིན་ཧྲིན་བོའི་དངོས་གཞི་དང་དེའི་ཡན་གྱི་སློབ་ཐོན་ཡིན་དགོས་ཤིང་། མི་རིགས་ལ་ཚད་བཀག་མེད། 
༢། གསར་འགྱུར་རིག་པ་དང་། རྒྱང་སྒྲོག་བརྙན་འཕྲིན། རྒྱ་ཡིག མཚན་ཉིད་རིག་པ། ཆབ་སྲིད་རིག་པ། ལོ་རྒྱུས། རྒྱལ་སྤྱིའི་འབྲེལ་བ། རྒྱལ་སྤྱིའི་ཆབ་སྲིད། བོད་རིག་པ་སོགས་འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཐོན་ཡིན་པ། 
༣། རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། དྲ་རྒྱར་རྒྱུས་མངའ་ཡོད་པ། གསར་འགྱུར་འཆར་འགོད་དང་རྩོམ་འབྲིའི་ནུས་པ་ཅུང་མཐོན་ཡོད་པ། འདྲ་རིས་བརྙན་གཟུགས་སྒྲོག་སྦྱོར་གྱི་མཉམ་མྱོང་ཡོད་པ། རྩོམ་སྒྲིག་མཉེན་ཆས་དང་འདྲ་རིས་མཉེན་ཆས་བཀོལ་བ་ནང་བྱན་ཆུད་པ། 
༤། ཚོགས་པའི་འདུ་ཤེས་ལྡན་ཞིང་བྱ་བའི་གནོན་ཤུགས་སེལ་བའི་ནུས་པ་ཅུང་མཐོན་པོ་ལྡན་པ། མཐོ་སྒང་ནས་སྡོད་པར་འཚམས་པ། 
༥། ལོ ༢ ཡན་གྱི་སྲིད་འཛིན་དང་། གསར་འགྱུར་སྡེ་ཁག དྲ་བའི་སྨྱན་སྦྱོར་གྱི་བྱ་བ་དང་ཞིབ་འཇུག་བྱ་བའི་མཉམ་མྱོང་ཡོད་མཁན་ལ་དམིགས་བསལ་ཡོད། 

(གཉིས། )བོད་ཡིག་རྩོམ་སྒྲིག(མི་སྣ་འགའ་བསྡུ་རྒྱུ་ཡིན་ཞིང་ལས་གནས་པེ་ཅིང་ཡིན། )
༡། རང་ལོ ༣༥ མན་ཡིན་པ། རྒྱ་སྐད་ཤེས་པ། ཨམ་སྐད་དང་། ཁམས་སྐད། དབུས་སྐད་ལ་བྱང་བ། (དབུས་སྐད་ནང་བྱན་ཆུད་པར་དམིགས་བསལ་ཡོད)
༢། གསར་འགྱུར་རིག་པ་དང་། རྒྱང་སྒྲོག་བརྙན་འཕྲིན། བོད་རིག་པ་སོགས་འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཐོན་ཡིན་པ། 
༣། རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། དྲ་རྒྱར་རྒྱུསམངའ་ཡོད་པ། གསར་འགྱུར་འཆར་འགོད་ཀྱི་ནུས་པ་ཅུང་ཆེན་པོ་ཡོད་པ། རྒྱ་བོད་སྐད་གཉིས་ཀྱི་ཡིག་རྩལ་དང་ལོ་ཙཱའི་ནུས་པ་ཅུང་ཆེན་པོ་ལྡན་པ། རྩོམ་སྒྲིག་མཉེན་ཆས་དང་བརྙན་གཟུགས་འདྲ་རིས་ཀྱི་མཉེན་ཆས་བཀོལ་བར་བྱང་ཆ་ཡོད་པ། 
༤། རྩ་འཛུགས་ཀྱི་ནུས་པ་བཟང་བོ་ཡོད་ཅིང་། ཨམ་སྐད་ཀྱིས་ཁ་བརྡ་བྱེད་ཐུབ་པ། 
༥། ཚོགས་པའི་འདུ་ཤེས་ལྡན་ཞིང་བྱ་བའི་གནོན་ཤུགས་སེལ་བའི་ནུས་པ་ཅུང་མཐོན་པོ་ལྡན་པ། མཐོ་སྒང་ནས་སྡོད་པར་འཚམ་པ། 

(གསུམ། )རྒྱ་ཡིག་རྩོམ་སྒྲིག་དང་གློག་ཚོང་ཞུབས་ཞུ། (མི་སྣ་འགའ་བསྡུ་རྒྱུ་ཡིན་ཞིང་ལས་གནས་པེ་ཅིང་ཡིན། )
༡། རང་ལོ ༣༥ ཡི་མན་ཡིན་པ་དང་། ཉིན་ཧྲིན་བོའི་དངོས་གཞི་དང་དེའི་ཡན་གྱི་སློབ་ཐོན་ཡིན་དགོས་ཤིང་། མི་རིགས་ལ་ཚད་བཀག་མེད། 
༢། གསར་འགྱུར་དང་། ཁྲིམས་ལུགས། དངོས་འདྲེན་དོ་དམ། མདོ་འཛིན། ཞབས་བྲོ་འཁྲབ་སྟོན་སོགས་འབྲེལ་ཡོད་ཆེད་ལས་ཡིན་པ། མི་སྒེར་གྱི་གཟུགས་བྱད་དང་ཡིག་རྩལ་ལེགས་པ། ཞུབས་ཞུའི་མཉམ་མྱོང་ཡོད་མཁན་ལ་དམིགས་བསལ་ཡོད། 
༣། དྲ་ཐོག་ནས་དངོས་པོ་ཉོ་བའི་འབྲེལ་ཡོད་གོ་རིམ་ལ་རྒྱུས་མངའ་ཡོད་པ། རྩ་བའི་རྩིས་འཁོར་མཉེན་ཆེས་བཀོལ་ཤེས་པ། མི་གཤེས་ལེགས་ཤིང་ངང་རྒྱུད་རིང་བ། བྱ་བར་ནན་ཏན་དང་ཞིབ་ཚགས་ལྡན་པ། གཞུང་དྲང་དང་ཁ་ཏན་ཚིག་ལ་གནས་པ། འགན་ཁུར་གྱི་འདུ་ཤེས་ཆེན་པོ་ལྡན་པ། 
༤། ཤེས་རྒྱ་ཆེ་ཞིང་། བོད་ལྗོངས་ཀྱི་གནས་ཚུལ་དང་སྲིད་ཇུས། ས་ཁམས་རིག་གནས་དང་ལོ་རྒྱུས་ཤེས་བྱ་ཤེས་པ། དཀའ་སྤྱད་སྡུག་རུས་ལྡན་ཞིང་བྱ་བ་ཏག་ཏིག་སྒྲུབ་པ། འགན་ཁུར་གྱི་བསམ་པ་ཡོད་ཅིང་བྱ་བའི་གནོན་ཤུགས་སེལ་བའི་ནུས་པ་ཡོད་པ། མཚན་ལས་ལ་ཞུགས་ཐུབ་པ། 
༥། རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། སྐད་ཆའི་འབྲེལ་འདྲིས་ཀྱི་ནུས་པ་དང་ཡི་གེའི་མཚོན་ཐབས་ཀྱི་ནུས་པ་ཅུང་ལེགས་པོ་ཡོད་པ། 

གཉིས་པ།  མིང་ཐོ་འགོད་པའི་དུས་ཚོད། 
ནམ་ཡིན་ཡང་ཆོག

གསུམ་པ། ལས་བསྡུའི་བརྒྱུད་རིམ། 
༡། རང་གི་ལོ་རྒྱུས་མདོར་བསྡུས་སྐྱེལ་སྤྲོད་བྱེད་པ་སྟེ། འོས་བསྡུའི་མི་སྣས་གློག་རྡུལ་ཡིག་ཟམ་བརྒྱུད་དེ་དྲ་ཐོག་ནས་རང་གི་ལོ་རྒྱུས་མདོར་བསྡུས་སྐྱེལ་སྤྲོད་བྱེད་པ། འོས་བསྡུའི་གོ་རིམ་ཁྲོད་དུ་དྲ་ཐོག་ཡིག་རྒྱུགས་དང་། ཡུལ་དངོས་ཡིག་རྒྱུགས། ཁ་རྒྱུགས་ཀྱི་བརྡ་སྦྱོར་དུས་ཐོག་ཏུ་འཕྲོད་ཆེད་ངེས་པར་དུ་ཁ་པར་དང་ཡིག་ཟམ་གྱི་འབྲེལ་གནས་གསལ་བོར་འབྲི་དགོས། 
༢། ཐོག་མའི་འོས་འདེམ་སྟེ། ལོ་རྒྱུས་མདོར་བསྡུས་ལ་བལྟས་ནས་ཐོག་མའི་འོས་འདེམ་ནང་ཚུད་པ་རྣམས་ལ་ང་ཚོས་ཡིག་ཟམ་བརྒྱུད་ནས་དྲ་ཐོག་ཡིག་རྒྱུགས་ལ་ཞུགས་པར་བརྡ་གཏང་ངེས། 
༣། ཡིག་རྒྱུགས་དང་ཁ་རྒྱུགས་ཏེ། དྲ་ཐོག་གི་ཡིག་རྒྱུགས་འཕྲོད་མཁན་ལ་ང་ཚོས་ཡིག་རྒྱུགས་དང་ཁ་རྒྱུགས་ལ་ཞུགས་པར་བརྡ་རྒྱག་ངེས་ཤིང་། རྒྱུགས་སྤྲོད་པས་རང་གི་ལོ་རྒྱུས་མདོར་བསྡུས་དང་སྡོད་དམངས་ཐོབ་དཔང་དངོས་ཁྱེར་ཡོང་དགོས། 
༤། བསྡུ་ལེན། ཡུལ་དངོས་ཀྱི་ཡིག་རྒྱུགས་དང་ཁ་རྒྱུགས་འཕྲོད་པ་རྣམས་བརྡ་སྦྱོར་ལྟར་དུ་གཅིག་གྱུར་གྱིས་ལས་ཀར་ཞུགས་པར་བཀོད་སྒྲིག་བྱ་ངེས། 

བཞི་བ། མཉམ་འཇོག་བྱ་དགོས་པ། 
   འོས་བསྡུའི་མི་སྣས་ཡིག་ཟམ་དང་ཁ་པར་དུས་ཐོག་ཏུ་འབྱོར་ཐུབ་པ་བྱ་དགོས་ཏེ། ང་ཚོས་ཡིག་ཟམ་དང་ཁ་པར་གྱི་ལམ་ནས་རྒྱུགས་གཞི་དང་ཁ་རྒྱུགས་ཀྱི་གནས་ཚུལ་འོས་བསྡུའི་མི་སྣ་རང་ལ་བརྡ་གཏང་རྒྱུ་ཡིན། རིམ་པ་སོ་སོའི་རྒྱུགས་ལ་མ་ཚུད་མཁན་རྣམས་ལ་གཅིག་གཅིག་བྱས་ཏེ་བརྡ་གཏང་རྒྱུ་མིན་པས་མཁྱེན་མཁྱེན། 
   འོས་བསྡུའི་མི་སྣ་ཕྱི་རྒྱལ་གྱི་སློབ་ཐོན་ཡིན་ཚེ་གཤམ་གསལ་གྱི་ཆ་རྐྱེན་འདི་དག་ཚང་དགོས་ཏེ། རྒྱལ་ཁབ་སློབ་གསོ་པུའུ་ཕྱི་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱིས་ངོས་ལེན་བྱས་པའི་ཕྱི་ཕྱོགས་སློབ་ཆེན་གྱི་དངོས་གཞི་དང་དེའི་ཡན་གྱི་སློབ་སྦྱོང་ལོ་རྒྱུས་ཡོད་ཅིང་། དེའི་ཁྲོད་དུ། ཀྲུང་ཕྱི་མཉམ་འབྲེལ་གྱིས་སློབ་སྒྲུབ་བྱས་པའི་སློབ་གྲྭ་ནས་མཐར་ཕྱིན་མཁན་ལ་མཉམ་གཅིག་ཏུ་སློབ་སྒྲུབ་ཕྱོགས་གཉིས་ཀྱིས་གནང་བའི་སློབ་ཐོན་དང་བསླབ་གནས་དགོས་ཤིང་། རྒྱལ་ནང་གི་སློབ་ཐོན་དང་བསླབ་གནས་དཀྱུས་མའི་རིམ་པ་མཐོན་པོའི་སློབ་གསོའི་རྣམ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་རྒྱལ་དམངས་སློབ་གསོའི་འབྲེལ་ཡོད་རེ་འདུན་དང་མཐུན་དགོས། 

ལྔ་བ། འབྲེལ་བ་བྱེད་ཐབས། 
ལོ་རྒྱུས་མདོར་བསྡུས་བསྐུར་སའི་ཡིག་ཟམ།  tibet_hr@163.com
འབྲེལ་ཡོད་རྩོམ་ཡིག