ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་དབུལ་སྒྲོལ་གྱི“མཉམ་སྒྲོག་རོལ་མོ”དཀྲོལ་བ།

2018-04-18 བཀྲ་རྒྱལ་གྱིས་བསྒྱུར།
          ཉེ་བའི་ལོ་ཤས་རིང་།  ཆབ་མདོ་གྲོང་ཁྱེར་གྱིས“ཤུགས་སྣོན་གསུམ་དང་འགན་ལེན་གསུམ”གྱི་ལས་ཀའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། དབུལ་སྐྱོར་འགག་སྒྲོལ་གྱི་འགོ་ཁྲིད་རྩ་འཛུགསལ་ལ་ཤུགས་སྣོན་ཏན་ཏིག་གཏོང་པ་དང་། བློ་སེམས་ཞིབ་མོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་གྱི“མཉམ་སྒྲོག་རོལ་མོ”དཀྲོལ་ཡོད་པ་རེད།
          འགོ་ཁྲིད་ལ་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་ལག་བསྟར་ལ་འགན་ལེན་གནང་པ། གྲོང་ཁྱེར་དང་རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་རེ་རེ་བཞིན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། རིམ་པ་རེ་རེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ། ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པར་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལས་གྲྭ་ལག་བསྟར་ཤུགས་ཆེན་གཏོང་པ། “རྩ་འཛུགས་ཀྱི་དགེ་མཚན+ཤེས་ལྡན་མི་སྣའི་བཟང་ཆ+གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར”བྱེད་རིམ་གསུམ་གྱིས་སྒུལ་ཤུགས་འདོན་པའི་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཐུབ་པ་བྱུང་། ཏང་འཛུགས་སྐྱོང་གི་འབྲེལ་གཏུག་བྱེད་ཡུལ་ལམ་ལུགས་གཏིང་ཟབ་ཏུ་གཏོང་བ་དང་། རིམ་པ་ཁག་གི་ཏང་སྲིད་ཚན་ཁག་གི་ཁོངས་མི་དང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་དུས་བཅད་ནང་གཞི་རིམ་མཛུབ་ཁྲིད་དང་བརྟག་ཞིབ་གནང་གི་ཡོད་པ་རེད།
          སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་འགན་ལེན་བྱེད་དགོས། “ཁྲག་བཟོ་རོགས་སྐྱོར་བྱེད་པའི”བྱེད་ཐབས་སྤྱད་དེ། སྐྱེད་ཀ་མེད་པའམ་སྐྱེད་ཀ་ཇེ་ཉུང་དུ་བཏང་ནས་མ་དངུལ་གྱིས་རོགས་སྐྱོར་བྱེད་པ་དང་། ཐོན་ལས་རྣམས་གྲངས་ཀྱིས་རོགས་སྐྱོར་བྱེད་པ། ཆ་འཕྲིན་ལག་རྩལ་གྱིས་རོགས་སྐྱོར་སོགས་ཀྱི་ལམ་ནས་རྒྱ་ཆེའི་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་པ་དང་། མང་ཚོགས་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོར་འགྱུར་ནས་སྔོན་སྐྱོད་པ་དང་། མིག་དཔེ་བཟང་པོ་སྟོན་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་བསྡོམས་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ2452གསོ་སྐྱོང་གནང་ཡོད་པ་དང་། གྲོང་ཁྱེར་རིམ་པས་ཏང་འཛུགས་སྐྱོང་གི་སྐྱེད་མེད་ཐེབས་རྩས་རོགས་སྐྱོར་མ་དངུལ་སྒོར་ཁྲི220གཤམ་སྤྲོད་བྱས་ཤིང་། ཐུན་མོང་དཔལ་འབྱོར་རྣམ་གྲངས4དང་མི་སྒེར་དཔལ་འབྱོར་རྣམ་གྲངས་11རྣམ་གྲངས་ལ་རོགས་སྐྱོར་བྱས་པ། གྲོང་ཁྱེར་དང་རྫོང(ས་ཁུལ)གི་ཏང་གི་སློབ་གྲྭའི་སྟེགས་བུ་དང་གྲོང་གསེབ་ཀྱི་མཚན་མོའི་སློབ་གྲྭ། རྒྱང་ཁྲིད་སློབ་གསོའི་ས་ཚིགས་སོགས་ལས་སྟེགས་ལ་བརྟེན་ནས་ལས་ཞུགས་སྤོ་སྒྱུར་གྱི་རྩལ་ནུས20དང་ཉེར་སྤྱོད་ལག་རྩལ་གསོ་སྦྱོང10སྒྲུབ་ནས་མང་ཚོགས་དབུལ་པོར་ལག་རྩལ་གྱི་འཇོན་ནུས་སྣ་གཅིག་ཁྱབ་གདལ་བཏང་ཡོད་པ་དང་། ཧུར་ཐག་སྒོས“ཀྲི་པུའུ+མཐུན་ཚོགས”དང“ཀྲི་པུའུ+མཐུན་ཚོགས+ཞིང་དུད”   “ཀྲི་པུའུ+རྟེན་གཞི+ཞིང་དུད”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་ཐུན་མོང་དཔལ་འབྱོར་ཤུགས་ཆེན་སྒོས་འཕེལ་རྒྱས་བཏང་ཡོད་པ་རེད།
          སྒུལ་ཤུགས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་གསོན་ཤུགས་འདང་ངེས་ཡོང་པར་འགན་ལེན་བྱེད་དགོས། རྩ་འཛུགས་དམ་འཛིན་བྱ་རྒྱུ་དང་དཔུང་ཁག་ཆེ་རུ་གཏོང་པ། ལམ་ལུགས་འཛུགས་སྐྲུན་བཅས་རྒྱུན་འཁྱོངས་བྱས་ཏེ་དབུལ་སྐྱོར་ནང་གི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ཅིང་། འཕེལ་རྒྱས་འདུ་ཤེས་ཟབ་པོ་མེད་པ་དང་། འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་མི་གསལ་བའི་གྲོང་ཚོ(གྲོང་ལྷན) དང་།གནད་དོན་ཡོད་པའི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས” ཀྱི་ཚན་ཁག་གི་གནད་དོན་གཙོ་གནད་དུ་བཟུང་སྟེ་བཅོས་སྐྱོང་བྱེད་པ་དང་། “ཚེག་ནས་ཚེག་དང་། ངོས་ནས་ངོས” ཀྱི་ཆེད་དོན་བཅོས་སྒྲིག་བྱེད་པ། གྲོང་ཁྱེར།  རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི900གྲོང་ཚོ(གྲོང་ལྷན)“ ཨུ་ལྷན་གཉིས” ཀྱི་ལས་བྲལ་ལས་བྱེད་པར་བཅད་གྲངས་ཀྱི་འཚོ་བའི་ཁ་གསབ་སྤྲད་པ་དང་། གྲོང་ཚོ(གྲོང་ལྷན)“ ཨུ་ལྷན་གཉིས་” ཀྱི་ལས་བྲལ་ལས་བྱེད་པའི་སེམས་ཁྲལ་མེད་པར་བཏང་བ་རེད།
འབྲེལ་ཡོད་རྩོམ་ཡིག