ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱིས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་གསེབ་འཛུགས་སྐྲུན་ལ་ལག་བསྟར་ཤུགས་ཆེན་བྱས།

2018-06-06 པདྨ་ཚེ་རིང་གིས་བསྒྱུར།
           ཉི་ཤར་གྱི་དུས་སུ་ཡུལ་སྨད་ཤང་གི་“དུས་རབས་གསར་པའི”མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་ཟིང་ཟིང་ལང་ལོང་ཞིག་བྱེད་བཞིན་མཆིས། དེ་ཡང་བཟོ་སྐྲུན་འཕྲུལ་ཆས་བཅུ་ཕྲག་ལྷག་གིས་འཛུགས་སྐྲུན་གྱི་ལས་ལ་བརྩོན་ཞིང་། ས་སློག་འཕྲུལ་ཆས་དང་ས་འདེད་འཕྲུལ་ཆས་ཀྱི་འུར་སྒྲ་ཡང་མཚམས་མི་ཆད་པར་རྣ་བར་མཆེད་འོངས།  ལྗིད་ཐེག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱས་པས་ས་རྡུལ་ལང་ལོང་དུ་འཕྱུར་བར་བྱེད།
           ཡུལ་སྨད་ཤང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བས་མཚམས་སྦྱོར་གནང་བ་ལྟར་ན། འཛུགས་སྐྲུན་བྱེད་བཞིན་པ་ནི་ཡུལ་སྨད་ཤང་གི་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་གསེབ་ཀྱི་རྣམ་གྲངས་དེ་ཡིན། འདི་ནས་ངར་ལྕགས་ལྷུ་སྒྲིག་གིས་བསྐྲུན་པའི་སྡོད་ཁང་ཆ་འགྲིག་56བསྐྲུན་རྒྱུ་ཡིན་ལ། དེར་ཆ་འགྲིག་གི་ཆུ་འབུད་ས་དང་། གློག་ཤུགས། འཕྲིན་གཏོང་། བགྲོད་ལམ།  ཤང་སྲིད་གཞུང་། འཕྲོད་བསྟེན་ཁང་། སློབ་གྲྭ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྣམས་ཀྱང་བསྐྲུན་རྒྱུ་རེད།
           འཛུགས་སྐྲུན་ལག་བསྟར་བྱེད་མཁན་ཧུའུ་ནན་ཨར་ལས་བཟོ་སྐྲུན་གྱི་རྣམ་གྲངས་འགན་འཁུར་མི་སྣས་མཚམས་སྦྱོར་གནང་བ་ལྟར་ན། རྣམ་གྲངས་འདིར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.1བཏང་ཡོད་ལ། འཆར་འགོད་བྱས་པའི་ས་རྒྱ་མུའུ་440.98ཟིན་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་17254.24ཡོད། དེ་དང་ཆབས་ཅིག་འཛུགས་སྐྲུན་ཁུལ་གྱི་ལྟེ་གནས་སུ་སྤྱི་གླིང་གཅིག་དང་ཐང་ཆེན་དྲུག་འཆར་འགོད་བྱས་ཡོད།  རྣམ་གྲངས་འདི་སྔོན་དཔག་ལྟར་ན་2018ལོའི་ཟླ་10པར་འཛུགས་སྐྲུན་བྱེད་ཚར་ངེས་རེད།                 
           ཡུལ་སྨད་ཤང་དུ་ལོ་གཅིག་ནང་ཉིན་260ལྷག་གངས་ཆར་གྱི་ནམ་ཟླ་ཡིན་ལ། ཆར་ཞོད་ཆེ་བས་ནས་རྐང་གཅིག་ཀྱང་སྐྱེ་ཐབས་མེད་པར་གནས་འདིའི་རང་བྱུང་ཁོར་ཡུག་ཧ་ཅང་བཙོག 2017ལོའི་ལོ་མཇུག་བར། དགུན་ཁ་སླེབས་ཐེངས་རེ་རེར་ཡུལ་སྨད་ཤང་དུ་ཕར་ཆེར་ལོ་ཕྱེད་རིང་རི་བོ་ཐམས་ཅད་གངས་ཀྱིས་གཡོགས་འགྲོ་ལ། ཡུལ་སྨད་ཤང་ནས་ཐོན་དགོས་ན་རྐང་ལམ་ཕྲ་མོ་ཞིག་ལས་མེད་ཅིང་། རི་ལམ་ནས་དུས་ཚོད་བཅུ་ཕྲག་ལྷག་བསྐྱོད་ཚེ་གཞི་ནས་ར་ལ་རི་བོ་བརྒལ་ཐུབ། ར་ལའི་རི་འདབས་སུ་སླེབས་ནས་སྤྱི་ལེ་8ཀྱི་མཚམས་སུ་ད་གཟོད་ཕྱོགས་གཞན་ལ་འགྲོ་བའི་རླངས་འཁོར་རྙེད་ཐུབ། ལོ་ལྟར་དགུན་ཁ་སླེབས་སྐབས། ཡུལ་སྨད་ཤང་གི་དོན་ཆེན་གཙོ་བོ་ནི་དགུན་ཟས་ཉར་ཚགས་བྱེད་རྒྱུ་དེ་ཡིན། ཡུལ་མི་རྣམས་ཀྱིས་སྔོན་ལ་དགུན་ཁ་ཧྲིལ་པོར་འདེང་ངེས་ཀྱི་ཟས་རིགས་དང་དངོས་ཟོག་ཉོ་དགོས།
           འདི་འདྲའི་གནས་ཚུལ་ན་ནིང་ལོ་མཇུག་བར་དུ་རྒྱུན་མ་ཆད་པར་ཡོད། 2017ལོའི་ཟླ་10པའི་ཚེས་29ཉིན། སྒྲོལ་དཀར་ལྕམ་སྲིང་དང་ཡུལ་སྨད་ཤང་ལ་མཚོན་ན་ཁྱད་པར་ཅན་གྱི་ཉིན་མོ་ཞིག་སྟེ། ཉིན་འདིར་ཁོ་མོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ལན་འབྱོར་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ཡིག་ནང་དུ་བྱམས་བརྩེ་དང་ལྡན་པའི་སྒོ་ནས།“ཚང་མས་མཉམ་གཅིག་ཏུ་འབད་བརྩོན་ལྷོད་མེད་བྱས་ཚེ། ཡུལ་སྨད་ཤང་ཞེས་སྔོན་ཆད་‘མི་གསུམ་ཤང་’དུ་གྲགས་པ་འདིའང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་ཞིག་ལ་བསྒྱུར་ཐུབ། ང་རང་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཡིད་ཆེས་ཟབ་མོ་ཡོད”ཅེས་གསུངས་འདུག   
           གླིང་ཕྲན་ཁེར་རྐྱང་ལྟ་བུའི་ཡུལ་སྨད་ཤང་འདི་ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་འབྱོར་འབྲིང་ཤང་འཛུགས་སྐྲུན་བྱེད་པའི་མགྱོགས་འཁོར་དུ་བསྡད། ཟླ་11པའི་ཚེས་18ཉིན་ཡུལ་སྨད་ཤང་དུ་དྲ་རྒྱའི་མྱུར་ཚད་ཐེར་འབུམ་ཅན་ཤར་གཏོང་བྱས་པ་དང་། ལོ་དེར་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྨད་ཤང་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུའི་ཐད་གཅོད་གནང་། ཕྱི་ཕྱོགས་སུ་བསྐྱོད་པའི་རི་ལམ་གསར་པ་ཚང་མ་ཇེ་བདེར་བཏང་བས། སྔོན་ཆད་གངས་ཀྱིས་བསྡམས་པའི་ཡུལ་སྨད་ཤང་ནས་དགུན་གསོག་བྱེད་མི་དགོས་པའི་དགུན་ཁ་དང་པོ་དེ་བསྐྱལ། 
           ཡུལ་སྨད་ཤང་ལས་གཞན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བོད་ལྗོངས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་ཐོན་ལས་འཛུགས་སྐྲུན་འཆར་འགོད།(2017—2020)》ཞེས་པ་དང་དེ་བཞིན་ས་ཁུལ་(གྲོང་ཁྱེར)བཞིའི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་འཆར་འགོད་ཞེས་པ་བཟོ་འགོད་གནང་། དེ་རུ་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་ཇུས་གཞི་628ཞིབ་བཤེར་གཏན་འབེབས་བྱས་ཤིང་། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་་སྲིད་ཇུས་རབ་དང་རིམ་པ་ཞིག་དང་ལེ་ལག་ཚང་བའི་དོ་དམ་ལམ་ལུགས་ཤིག་ཀྱང་བཟོས་ཡོད། དེ་ཡང་“གཅིག་ཅན་བཅུ་གཅིག”གི་ལས་ཀའི་བསམ་ཕྱོགས་ཏེ། “འགོ་ཁྲིད་ཚོ་ཆུང་ཞིག་འཛུགས་པ། ཆེད་དོན་བརྟག་ཞིབ་ཐེངས་ཤིག་སྤེལ་བ། བརྙན་ལམ་ནས་ལས་དོན་བཀོད་སྒྲིག་ཅིག་བྱེད་པ། འཆར་འགོད་ཀྱི་ཇུས་གཞི་ཞིག་བཟོ་འགོད་བྱེད་པ། ལས་དོན་ཆེད་སྒྲུབ་ཚོགས་ཆུང་ཞིག་འཛུགས་པ། མ་དངུལ་མཐུན་སྦྱོར་གྱི་གྲོས་ཚོགས་ཤིག་འཚོག་པ། རྒྱབ་སྐྱོར་སྲིད་ཇུས་ཤིག་གཏན་འབེབས་བྱེད་པ། ལྟ་སྦྱོང་ཐེངས་ཤིག་རྩ་འཛུགས་བྱེད་པ། གཉེར་སྐྱོང་བྱེད་པོ་ཁག་ཅིག་གསོ་སྐྱོང་བྱེད་པ། ཆེད་མཁས་མིང་མཛོད་ཅིག་འཛུགས་པ། དཔེ་སྟོན་གྲོང་ཚོ་ཁག་ཅིག་མགོ་རྩོམ་པ”བཅས་ཀྱིས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་གྱི་གོམ་སྟབས་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།
           རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། ལས་དོན་ཆེད་སྒྲུབ་ཚོགས་པ་བཙུགས་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་འཆར་འགོད་ཀྱི་སྣེ་ཁྲིད་དང་། དཔེ་སྟོན་སྐུལ་ཁྲིད། གསར་གཏོད་སྲོལ་འཛུགས། གསོན་ཤུགས་ཆེར་བསྐྱེད་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ད་དུང་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་མཐར་ཐོན་ཁུངས་འཛོམས་ཤིང་། ཐོན་ལས་རྨང་གཞི་བརྟན་པ། གཉེར་སྐྱོང་བྱེད་སྟངས་ཅུང་ལེགས་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་49བདམས་ནས་ཟུར་བསྟན་ལེབ་མཐོང་གི་དཔེ་ལ། ལྗོངས་ཡོངས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ལ་ཁྱབ་གདལ་དང་འདྲ་བཤུས་བྱེད་ཆོག་པའི་དཔེ་གཞི་བསྟན། 
           དེང་སྐབས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་སྤྱི་འདོམས་རྒྱབ་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་ལྷག་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པར་བཏང་ཡོད། རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་འཆར་གཞིའི་མ་དངུལ་སྒོར་ཁྲི་600སྨན་གླིང་རྫོང་གླང་མདོ་གྲོང་ཚོའི་ཤིང་ཏོག་དཔལ་འབྱོར་ཐོན་ལས་འཛུགས་སྐྲུན་བྱ་རྒྱུར་བཀོལ། རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གིས་གྲོ་མོའི་ཉ་རིགས་དང་ཕག་རིའི་ནོར་ནག་ཐོན་ལས་ཀྱི་རྣམ་གྲངས་ཧུར་ཐག་གིས་གཏོད་བཞིན་ཡོད། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མཚོ་སྣ་རྫོང་མག་མང་གྲོང་ཚོའི་བོད་ལུགས་སྨན་རྩྭ་འདེབས་འཛུགས་ཀྱི་རྣམ་གྲངས་ལ་འབད་བརྩོན་གྱིས་སྐུལ་འདེད་བྱེད་བཞིན་ཡོད། ས་ཁུལ་(གྲོང་ཁྱེར)བཞིའི་མཐའ་མཚམས་ཀྱི་རྫོང་21གིས་དཔེ་སྟོན་གྲོང་ཚོ་41ལག་བསྟར་བྱེད་པའི་འགན་འཁུར་ཡོད། དབུལ་ཐར་འགག་གཏོར་གྱི་ཐོན་ལས་མ་དངུལ་དང་། སྤྱི་ཚོགས་ཀྱི་མ་རྩ། དངུལ་རྩའི་ཡིད་རྟོན་དངུལ་བུན་བཅས་སྤྱི་འདོམས་བསྡུ་སྒྲིལ་བྱས་པ་བརྒྱུད་ནས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1.8དོན་ཐོག་ཏུ་བབས། 
           “ཉིང་ཁྲི་གྲོང་ཁྱེར་གྱིས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་རྩ་སོགས་བརྒྱུད་དེ་སྒོར་དུང་ཕྱུར་2.8བཏང་ནས་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་ཡོད། གྲོ་མོ་རྫོང་གིས་མ་དངུལ་སྒོར་ཁྲི་9000གཅིག་བསྡུས་ཀྱིས་བསླངས་གཟུགས་སྣོད་བཅུད་ཐོན་ལས་གླིང་གི་འཛུགས་སྐྲུན་རྣམ་གྲངས་སྐྲུན་བཞིན་ཡོད། གོང་གསལ་གྱི་ཉམས་མྱོང་དང་བྱེད་ཐབས་ལེགས་པོ་རྣམས་ནི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གཞན་འཛུགས་སྐྲུན་བྱེད་པ་ལའང་མིག་དཔེ་ལེགས་པོ་བསྟན་ཡོད།”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་འབྱོར་འབྲིང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་གནང་། 
           དེ་དང་དུས་མཚུངས་སུ། བོད་ལྗོངས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཆར་འགོད་བཀྲམས་རྗེས། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་དུས་ལྟར་རང་སྐྱོང་ལྗོངས་དང་། ས་ཁུལ།(གྲོང་ཁྱེར) རྫོང་བཅས་རིམ་པ་གསུམ་ལ་“ཟླ་རེའི་སྙན་ཞུ”ཞེས་པའི་བཀོད་གཏོང་ལམ་ལུགས་བཙུགས།  ཟླ་རེའི་ཚེས་25ཉིན་ས་ཁུལ་(གྲོང་ཁྱེར)བཞི་དང་མཐའ་མཚམས་རྫོང་གི་ཐོན་ལས་རྣམ་གྲངས་མ་དངུལ་རང་གནས་སུ་སླེབས་ནས་བཀོལ་སྤྱོད་བྱེད་པ་དང་། རྣམ་གྲངས་ཀྱི་ལས་ཀ་སླར་གསོ་དང་མགོ་རྩོམ་པ། ལས་ཀའི་དངོས་གཞིའི་ལས་ཚད།  ཁྲོམ་རའི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། 2017ལོའི་ལྗོངས་ཡོངས་ལ་བཀོད་སྒྲིག་བྱས་ཟིན་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
           ཡུལ་སྨད་གྲོང་ཚོའི་སྔོ་ཚལ་དང་།ཇ་ལོ་འདེབས་འཛུགས། སྨྱུག་མ་ལས་སྣོན། ནོར་གནག་ལེགས་བཅོས་བཅས་ཐོན་ལས་རྣམ་གྲངས་བཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས། ད་ལོར་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་སོགས་སྡེ་ཚན་རྣམས་ཀྱིས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཐོན་ལས་རྣམ་གྲངས་ཀྱི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། དེ་ཡང་ཆུ་མགོ་ལྟ་བུའི་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་སོགས་ཀྱི་ཚོང་གཉེར་གང་ལེགས་ཀྱིས་གསོ་སྐྱོང་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་ཆེ་རུ་རྒྱས་སུ་བཅུག
           ཡུལ་སྨད་ཤང་གི་ཤང་ཀྲང་ཧུའུ་ཞོ་མིང་གིས། “2017ལོར་ཤང་འདིར་རྒྱལ་ཁབ་གློག་ཤུགས་ནང་དུ་ཟླ་སྒྲིལ་བཏང་བས། ཕྱིན་ཆད་གློག་སྤྱོད་གནད་དོན་ལ་སེམས་ཁྲལ་བྱ་མི་དགོས། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡུལ་སྨད་ཤང་ལ་ཡུལ་སྐོར་ལམ་ཐིག་གཉིས་གཏོད་ཡོད། ཟླ་10པར་ཡུལ་སྨད་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་ཞིག་དང་གཞུང་ལམ་ཆ་ཚང་ཞིག་འཛུགས་སྐྲུན་བྱས་རྗེས། ཡུལ་སྐོར་བས་རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་གནས་འདིར་སླེབས་ཆོག་པ་རེད།
འབྲེལ་ཡོད་རྩོམ་ཡིག