ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“བོད་སྨན་རྒྱལ་མོ་”ལ་“བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་རིང་སྨན་རྫས་ཐོན་ལས་བྱས་རྗེས་མི་སྣའི་”མཚན་སྙན་ཐོབ།

2018-09-05 བྱམས་པས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་9ཚེས་2ཉིན་གྱི་དགོང་མོར།  པེ་ཅིང་ཧོའེ་རོའུ་ཡཱན་ཞིའི་མཚེའུའི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་བསྡུས་པའི་ཀྲུང་གོའི་སྨན་རྫས་ཁེ་ལས་པ་དང་ཚན་རིག་པ། མ་འཇོག་པའི་ཚོགས་ཆེན་སྐབས་བཅུ་པ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་རིང་སྨན་རྫས་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག ཆེས་བྲིན་ཚོགས་པའི་ཏུང་ཧྲི་ཀྲང་ལེ་ཅུས་ཧྥང་ལ་རྒྱལ་ཡོངས་ཀྱི་“བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་རིང་སྨན་རྫས་ཐོན་ལས་བྱས་རྗེས་མི་སྣའི་”གཟེངས་རྟགས་ཐོབ་པས་ཀུན་གྱིས་དོ་སྣང་བྱུང་།
            《སུན་ཙིའི་དམག་ཇུས་》ལས་“སྤྱིར་བཏང་དམག་འཐབ་བྱེད་པ་ལ་ཐུན་མོང་གི་དཔུང་དྲངས་ཏེ་འཐབ་པ་དང་། ཐུན་མིན་གྱི་དཔུང་འཇུག་བྱས་ཏེ་རྒྱལ་བར་བྱེད་དེ། ཐུན་མིན་གྱི་དཔུང་འཇུག་བྱེད་པ་ནི་གནམ་ས་བཞིན་དུ་ཕ་མཐའ་མེད་པ་དང་ཆུ་ཀླུང་བཞིན་དུ་མཛད་མཐའ་མེད་དོ། །”ཞེས་པའི་ཚིག་འདི་ལ་ཁོ་མོས་མོས་མཐུན་ཆེན་པོ་བྱེད།  ཁོ་མོས་ལོ་34སྟེང་ཀྲུང་གོའི་ཚན་རིག་ཁང་གི་“ལྕགས་ཀྱི་ཕོར་བའི་”ལས་ཀ་སྐྱུར་ནས་ཚོང་ལས་ལ་ཞུགས། ལོ་40སྟེང་མི་རིགས་སྨན་རྫས་ཁེ་ལས་བཙུགས།  2009ལོའི་ཟླ་8པའི་ཚེས་19ཉིན། ཆེས་བྲིན་བོད་སྨན་མ་རྐང་Aཐོག་མར་འགྲེམས་སྤེལ་མངོན་འགྱུར་བྱུང་།  “བོད་སྨན་རྒྱལ་མོ་”ལེ་ཅུས་ཧྥང་མང་ཚོགས་ཀྱི་མཐོང་ལམ་དུ་བསྐྱོད་མགོ་བརྩམས།
ལེ་ཅུས་ཧྥང་།
ཀྲུང་གོའི་སྨན་རྫས་ཁེ་ལས་པ་དང་ཚན་རིག་པ། མ་འཇོག་པའི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་རའི་ཡུལ་དངོས།
            རྒྱུས་ལོན་བྱུང་བ་ལྟར་ན། “བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་རིང་སྨན་རྫས་ཐོན་ལས་བྱས་རྗེས་མི་སྣའི་”དཔྱད་འདེམས་བྱེད་སྒོ་ནི་ཀྲུང་གོའི་སྨན་རྫས་ཁེ་ལས་དོ་དམ་མཐུན་ཚོགས།  ཀྲུང་གོའི་རྫས་འགྱུར་སྨན་བཟོའི་བཟོ་ལས་མཐུན་ཚོགས།  ཀྲུང་གོའི་སྨན་རྫས་ཁེ་ལས་མཁས་ཅན་མཐུན་ཚོགས།  ཀྲུང་གོའི་སྨན་རྫས་གསར་འགྱུར་ཆ་འཕྲིན་མཐུན་ཚོགས་སོགས་སྡེ་ཚན་10ཡིས་གྲོས་འགོ་བཏོན་པ་ཡིན།  དམིགས་ཡུལ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40རིང་སྨན་རྫས་ལས་རིགས་སུ་བྱུང་བའི་ལས་དོན་གལ་ཆེན་དང་མི་སྣ་གྲགས་ཅན་ཞིབ་སྒྲིག་བྱས་ཏེ། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་རིང་སྨན་རྫས་ལས་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་བསྟོད་གླུ་འབུལ་བ་དང་། འདས་སོང་ལ་ཕྱིར་དྲན་དང་འབྱུང་འགྱུར་ལ་བསམ་གཞིགས་བྱེད་པ་ཡིན།
            ཐེངས་འདིའི་བྱེད་སྒོ་ནི་སྨན་རྫས་ལས་རིགས་མཐུན་ཚོགས་11གིས་མཉམ་འབྲེལ་ཐོག་དཔྱད་འདེམས་བྱས་པ་དང་།  ཁེ་ལས་མཁས་ཅན་200ལྷག་མིང་ཐོར་ཚུད།  མཐར་མར་མི་40བདམས་ཐོན་བྱུང་།  ཆེས་བྲིན་ཚོགས་པའི་ཏུང་ཧྲི་ཀྲང་ལེ་ཅུས་ཧྥང་གིས་“བོད་སྨན་གྱི་རྒྱལ་ཁམས་ཤིག་གསར་བཏོད་”བྱས་པས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་རིང་སྨན་རྫས་ཐོན་ལས་བྱས་རྗེས་མི་སྣར་བདམས།
འབྲེལ་ཡོད་རྩོམ་ཡིག