ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ།

2018-11-21 བྱམས་པས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཆོས་ལུགས་དོ་དམ་ལས་དོན་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས། འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སོགས་ཀྱི་ཐོན་ཁུངས་ནུས་ཤུགས་གཅིག་གྱུར་གྱིས་འཆར་འགོད། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འོས་མཐུན་ཡོང་བར་སྣེ་འདྲེན་ཧུར་ཐག་བྱ་ཆེད། ཟླ་11ཚེས་19ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་འགན་ནུས་ཀྱི་རྨང་གཞིའི་སྟེང་། བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་གསར་དུ་བཙུགས་ནས་ལྷ་སར་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།
བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ།
            གསར་དུ་བཙུགས་པའི་ཆོས་ལུགས་ལས་དོན་ཅུས་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་ཡིན་ལ། བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་གཏོགས་འགོ་ཁྲིད་བྱ་དགོས། ལས་འགན་གཙོ་བོ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན། བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་འཆར་འགོད་གཏན་འབེབས་དང་དོན་ཐོག་འཁྱོལ་བར་སྐུལ་འདེད། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། ཁྲིམས་ལྟར་ཆོས་ལུགས་སྲིད་འཛིན་ལས་དོན་དོ་དམ། སྤྱི་དམངས་ཀྱི་ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོང་དང་། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་སོགས་ཡིན།
བོད་རང་སྐྱོང་ལྗོངས་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་གཞུང་དོན་ཁང་གི་སྒོ་བྱང་བཀལ།
            《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་གཏོང་བའི་ཇུས་གཞི་》གཞིར་བཟུང་བ་དང་།  བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཉིན་དེར་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཕྱིར་སྡོད་རང་མིའི་ལས་དོན་དང་། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁྲི་དེ་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བགོས། བོད་རང་སྐྱོང་ལྗོངས་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་གཞུང་ལས་ཁང་བཙུགས་ནས་དངོས་སུ་སྒོ་བྱང་བཀལ། དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ལ་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ། ཕྱིར་སྡོད་རང་མིའི་ལས་དོན་དང་ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྔར་བས་ཁྱབ་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་ཕྱིར་སྡོད་སྤུན་ཟླ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་ཁྱིམ་མི་ལ་མཐུན་སྒྲིལ་དང་འབྲེལ་བ་བྱས་ཏེ། མང་ཚོགས་དང་ཚོགས་པའི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱ་དགོས།
འབྲེལ་ཡོད་རྩོམ་ཡིག