ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀན་ལྷོའི་ཅོ་ནེ་བུ་མོས་ཀྲུང་རི་མཛའ་གྲོགས་སྨན་ཁང་ནས་ལྷན་སྐྱེས་སྙིང་ནད་གཤགས་བཅོས་བྱས་པ་ལེགས་བྱུང་།

2018-11-22 པད་མས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་11པའི་ཚེས་20 ཉིན་གྱི་སྔ་དྲོར།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་བོད་རིགས་བུ་མོ་ཨན་ཡུས་མེ་ཡིས་ཀྲུང་རི་མཛའ་གྲོགས་སྨན་ཁང་དུ་བདེ་ལེགས་ངང་ལྷན་སྐྱེས་སྙིང་ནད་ཀྱི་གཤགས་བཅོས་དང་ལེན་བྱས། 
རི་མོ་འདི་ནི་གཤགས་བཅོས་ཁང་དུ་མ་འཛུལ་སྔོན་ནད་གཡོགས་ཚོས་ཨན་ཡུས་མེར་ཤུགས་རྒྱོབ་ཀྱི་ཁ་གཡང་འབོད་བཞིན་པའི་རྣམ་པ་རེད། 
           ཀྲུང་རི་མཛའ་གྲོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། སྙིང་ནད་ཕྱི་ཚན་གྱི་དགེ་རྒན་ཆེན་མོ་བ་ལིའུ་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཨན་ཡུས་མེར་སྙིང་ཁོང་བར་ཆད་ཀྱི་སྐྱོན་ཡོད་པ་དང་།  ཆད་པའི་གནས་ནི་ཕལ་ཆེར་ཧོའོ་སྨི་བཅུ་ནས་བཅུ་གཉིས་ཡིན།  ལོ་ལྔ་ཅན་གྱི་བྱིས་པ་ཞིག་ལ་མཚོན་ནས་བཤད་ན།  ཆད་བརླག་བྱུང་ཚད་ཅུང་ཚབས་ཆེན་ཡིན་པས་དུས་ལྟར་གསོ་བཅོས་མ་བྱས་ན་འཕར་རྩའི་གནོན་ཤུགས་ཤིན་ཏུ་འབྱུང་སླ་བ་དང་། འཕར་རྩའི་གནོན་ཤུགས་ཆེན་པོ་ཡོད་ཚེ་ཁྲག་ནང་གི་གསོ་རླུང་བརྗེ་རེས་བྱ་བར་དཀའ་ངལ་ཡོད། ད་ལྟ་ལྟ་ཞིབ་བྱས་ཚེ་བྱིས་པའི་གློ་བའི་འཕར་རྩའི་གནོན་ཤུགས་ཧ་ཅང་མཐོ་པོ་ཡོད་པ་དང་འབྲེལ་ཁོང་གི་འཚར་ལོངས་ཀྱི་འཚོ་བར་ཤུགས་རྐྱེན་ངན་པ་བཟོས་པ་རེད་ཟེར། 
རི་མོ་འདི་ནི་དགེ་རྒན་ཆེན་མོ་ལིའུ་ཕིང་གིས་གཤགས་བཅོས་བྱེད་བཞིན་པའི་རྣམ་པ་རེད།  སུང་ཅན་གྱིས་པར་བླངས། 
           “བཤགས་བཅོས་བྱེད་པར་ད་རུང་ཉེན་ཁ་ཡོད་དེ། གཅིག་ནས་བྱིས་པར་གློ་བའི་འཕར་རྩའི་གནོན་ཤུགས་ཆེན་པོ་ཡོད་པའི་གནད་དོན་ཡོད་པ་དང་། གཤགས་བཅོས་རྗེས་ཀྱི་འབྱིན་རྔུབ་འཕྲུལ་ཆས་བཀོལ་སྤྱོད་ཀྱི་དུས་ཚོད་ཅུང་ཙམ་རིང་བ་དང་། གཉིས་ནས་གཤགས་བཅོས་བརྒྱུད་རིམ་ཁྲོད་དུ་མཐུད་ཁྲིད་མ་ལག་ལ་སྐྱོན་འབྱུང་སླ་བ་ཡིན།  དེ་འདྲ་བྱས་ཚེ་སྒྲིག་སྦྱོར་གྱི་འཕར་འགོ་ཆས་མཁོ་བ་ཡིན།  གསུམ་ནས་ཆད་བརླག་གནས་དེ་འཕར་རྩའི་སྡོང་བོའི་འདབ་སྐྱིར་འབྲེལ་བས་དེར་ཤུགས་རྐྱེན་འབྱུང་སླ་བ་ཡིན”ཞེས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་སྙིང་ནད་ཕྱི་ཚན་སྨན་པ་ཞིག་ཡིན་པའི་ཆ་ནས་ལིའུ་ཕིང་གིས་གཤགས་བཅོས་བྱས་ན་འབྱུང་སྲིད་པའི་གནད་དོན་གསལ་བོར་ཁོང་དུ་ཆུད། 
རི་མོ་འདི་ནི་རྨོ་བོ་ཧེ་སྒྲོལ་མ་མཚོ་དང་ཚ་མོ་ཨན་ཡུས་མེ་གཉིས་རེད།
           “བྱིས་པ་ཆུང་དུས་ནས་ན་རྒྱུར་དགའ་ཞིང་།  ལོ་གཅིག་གི་དུས་སུ་ལྷན་སྐྱེས་སྙིང་ནད་ཡོད་པ་ཤེས་མོད།  འོན་ཀྱང་སྐབས་དེར་ཤ་ཧ་ཅང་སྐམ་པོ་ཡིན་པས་གཤགས་བཅོས་བྱེད་ཐབས་མེད་དེ་ད་ལྟའི་བར་དུ་འགོར་འགྱངས་བྱས་པ་རེད།  ད་ལོའི་ཟླ་བདུན་པའི་སྐབས་སུ། ‘ སེམས་མཐུན• ཀྲུང་གོའི་སེམས་པ་མཉམ་གཏོད” སྒྲིག་འཛུགས་ཨུ་ལྷན་ང་ཚོའི་དེ་གར་ཡོང་ནས་འོས་འགན་སྨན་བཅོས་བྱས་ཏེ།  ང་ཚོར་གལ་ཏེ་སྨན་བཅོས་བྱེད་པའི་དུས་ཚོད་བཟང་ཤོས་དེ་འགོར་འགྱངས་བྱས་ཚེ་བྱིས་པར་ཉེན་ཁ་ཡོད་པས།  ངེས་པར་དུ་དུས་ལྟར་སྨན་བཅོས་བྱེད་དགོས་ཞེས་བཤད།  སྐབས་དེར་ང་ཚོ་ཁྱིམ་མི་གང་བོ་སྐྲག་སོང”ཞེས་ཨ་མ་ལི་སྒྲོལ་མས་དེ་དྲན་ཡོང་ན་སྐྲག་པར་བཤད།  གལ་ཏེ“ སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད” སྒྲིག་འཛུགས་ཨུ་ལྷན་མེད་ཚེ། བྱིས་པའི་ནད་ཕལ་ཆེར་ད་དུང་འགོར་འགྱངས་བྱས་ཡོད། “ ངའི་བུ་མོ་བྱིས་པ་གཞན་དང་འདྲ་བར་རྒྱུགས་པ་དང་མཆོང་བ་བྱེད་མི་ཐུབ།  དེ་ལྟར་བྱས་ཚེ་དབུགས་འཚང་ནས་འབྱིན་མི་ཐུབ།  མཚམས་ལར་མོས་བྱིས་པ་གཞན་པར་ཡིད་སྨོན་སྐྱེ་བའི་མིག་མདངས་མཐོང་ཚེ་ང་ཚོའི་སེམས་ན་ནས་བཟོད་མི་ཐུབ”ཅེས་བཤད། 
རི་མོ་འདི་ནི་གཤག་བཅོས་མ་བྱས་སྔོན་ལ་སྨན་དོན་མི་སྣས་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད། 
           རྒྱུས་མངའ་ལོན་ཚུལ་ལྟར་ན། ཨན་ཡུས་མེ་དང་འགྲོགས་ནས་པེ་ཅིན་དུ་སྨན་བཅོས་བྱེད་པར་ཡོང་བར་ད་རུང་ཁོ་མོའི་རྨོ་མོ་ཡོད་ཅིང་།  མོས“ང་ལ་ད་དུང་བུ་གཅིག་ཡོད་མོད།  འོན་ཀྱང་ཁོ་མོ་ཆེས་འདང་ཆེ་བ་ནི་མོའི་ཚ་མོ་ཡིན།  ཚ་མོ་པེ་ཅིང་དུ་གཤགས་བཅོས་བྱེད་པར་འགྲོ་བ་གོ་ཚེ་ཁོ་མོས་ཀྱང་ཨུ་ཚུགས་ངང་འགྲོ་རོགས་བྱེད་རྒྱུ་བྱས”ཞེས་ལི་སྒྲོལ་མས་གསར་འགོད་པར་བཤད་པ་དང་།  དེ་ནས“ ངའི་ཨ་ནེས་བྱིས་པ་གཤགས་བཅོས་སྟེགས་བུའི་སྟེང་འགྲོ་དགོས་པ་དྲན་ཚེ་སེམས་ཁུར་ཆེན་པོ་བྱས་ཏེ་མིག་ཆུ་ལྷུང་སོང”ཞེས་བཤད།  གཤགས་བཅོས་བྱ་བའི་གོ་རིམ་ཁྲོད་དུ། རྨོ་མོ་ཧེ་སྒྲོལ་མ་མཚོས་གཤགས་བཅོས་ཁང་གི་སྒོ་ཁ་སྲུང་ནས་བསྡད་ཅིང་།  གཤགས་བཅོས་བདེ་ལེགས་ངང་བྱས་པའི་གནས་ཚུལ་གོ་རྗེས་རྒན་མོའི་མིག་མཐའ་ཡང་དམར་པོར་གྱུར་སོང་།  
རི་མོ་འདི་ནི་དགེ་རྒན་ཆེན་མོ་བ་ལིའུ་ཕུང་གིས་གསར་འགོད་པར་གཤགས་བཅོས་བདེ་ལེགས་བྱུང་བའི་གནས་ཚུལ་བཤད་བཞིན་པའི་རྣམ་པ་རེད། 
རི་མོ་འདི་ནི་གཤགས་བཅོས་མ་བྱས་པའི་ཉིན་འགའི་སྔོན་ལ་ཨན་ཡུས་མེ་ཁྱིམ་ཚང་གང་བོས་གནམ་བདེ་སྒོ་མོ་ཆེའི་མདུན་དུ་དྲན་རྟེན་གྱི་མཉམ་པར་བརྒྱབ་པའི་རྣམ་པ་རེད། 
           “དེ་རིང་གི་བཤགས་བཅོས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། འོན་ཀྱང་། བྱིས་པར་ད་རུང་སླར་གསོའི་དུས་ཚོད་རིང་པོ་ཞིག་མཁོ་བ་དང་།  སླར་གསོའི་ཚད་གཞི་ཅི་འདྲ་ཞིག་ཡིན་པ་ད་རུང་ཁོ་མོ་རང་ལུས་ཀྱི་སྤྱིའི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་དགོས”ཞེས་དགེ་རྒན་ཆེན་མོ་བ་ལིའུ་ཕུང་གིས་གཤགས་བཅོས་བྱས་རྗེས་སུ་གསར་འགོད་པར་དེ་ལྟར་བཤད།   དེང་སྐབས། གཤགས་བཅོས་བྱས་རྗེས་ཀྱི་གནས་ཚུལ་ལ་སྔར་ལས་ལེགས་པོའི་སྒོ་ནས་ལྟ་ཞིབ་བྱེད་ཆེད།  ཨན་ཡུས་མེ་ནད་ལྕིའི་ལྟ་སྐྱོང་ཁང་པའི་ནང་དུ་སྤར་ཞིང་།  ཨ་མ་ལི་སྒྲོལ་མ་དང་རྨོ་མོ་ཧེ་སྒྲོལ་མ་མཚོས་ད་གཟོད་སེམས་ལྷོད་ལྷོད་དུ་བཏང་ཆོག་པར་གྱུར།
འབྲེལ་ཡོད་རྩོམ་ཡིག