ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཧོར་བྲག་འགོའི་ཁ་ས་མཚོ།

2018-11-22 ལྷ་མོ་ཚེ་སྐྱིད། ཆོས་དབྱིངས་སྒྲོལ་མ།
ཁ་ས་མཚོའི་ཟུར་གཅིག
           ཁ་ས་མཚོ་ཞེས་པར་མཁར་གསར་མཚོའམ་མཁར་གསུམ་མཚོ་སོགས་མིང་ཆགས་ཚུལ་མི་འདྲ་བ་འགའ་འདུག་མོད། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》ཅེས་པའི་ནང་དུ་ཁ་ས་ཞེས་བྲིས་འདུག་ལ། མཁར་གསར་མཚོ་ཞེས་པ་ནི་གནས་འདིར་རྗེས་སུ་གྲོང་སྡེ་གསར་པ་ཞིག་ཆགས་པའི་ཆ་ནས་མཚོ་ལའང་མཁར་གསར་ཞེས་པའི་མིང་ཐོགས་པར་སྙམ། མཚོ་འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་30ལྷག་གི་མཚམས་སུ་ཡོད་ཅིང་། ཆུ་བོ་རབ་ཏུ་དྭངས་ཤིང་གསལ་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1.92དང་མཚོ་ངོས་མཐོ་ཚད་ལ་སྨི་3510ཡོད། ཆུ་བྱའི་གནས་མལ་གལ་ཆེན་ཞིག་ཡིན།
           གནས་འདིའི་རི་ཀླུང་སོགས་རང་བྱུང་གི་བཀོད་པ་དག་བོད་ཁུལ་གྱི་གནས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། གྲང་ངར་ཆེ་བའི་དགུན་གྱི་དུས་འདིར་ཡང་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འགུགས་པས། དཔྱིད་དཔལ་རྒྱས་དུས་དང་དབྱར་ཟླ་ཚེས་དུས་ནི་དེ་ལས་ཀྱང་མཛེས་སྡུག་ལྡན་པ་ནི་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་པར་ཚོར་ནུས།
ཁ་ས་མཚོའི་ཟུར་གཅིག
ཁ་ས་མཚོའི་ཟུར་གཅིག
ཁ་ས་མཚོའི་ཟུར་གཅིག
འབྲེལ་ཡོད་རྩོམ་ཡིག