ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་ས་གྲོང་ཁྱེར་གྱི”སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས”ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས“གཉིས་གཏོད”རིམ་འཕར་ལ་སྐུལ་འདེད་བཏང་བ།

2018-11-22 བཀྲ་རྒྱལ་གྱིས་བསྒྱུར།
ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གཉིས་གཏོད་ཞབས་ཞུ་ལྟེ་གནས། 
          ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་བརྟེན་ནས་“ གཉིས་གཏོད་”ལས་ཀར་ སྣེ་ཁྲིད་དང་སྐུལ་ཁྲིད་བྱ་ཆེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས”སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས་”འཛུགས་སྐྱོང་དམ་འཛིན་བྱས་ནས་གཉིས་གཏོད་དཔེ་སྟོན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 
          ཤེས་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་”སྣེའུ་སྦྲང་ཚང་+ གསར་གཏོད་ལྟེ་གནས་”ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.59བཏང་བ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.7ཙམ་ཡོད་པ་ལ་མཉེན་ཆས་དང་མཁྲེགས་ཆས་འཐུས་ཚང་བ་ཞིག་སྒྲིག་སྦྱོར་སྒྲིག་བཀོད་བྱས་ཡོད་པ་རེད། ད་ཆ་སྣེའུ་ཁུལ་གསར་གྱི་ཁེ་ལས་ཆུང་གྲས་ཀྱི་གྲངས་འབོར་ཆེས་ཆེར་འཕར་ཡོད་ཅིང་། རིམ་རྩིས་བྱས་ན་ད་སྔ་ཐོ་འགོད་ཁེ་ལས5233 (སྒེར་གཉེར་ཚུད་མེད་པ)ཡོད་པ་དང་།དེའི་ནང་ཁེ་ལས་ཆུང་གྲས2227ཡོད་པ་རེད།
          “སྣེའུ་སྦྲང་ཚང་+ གསར་གཏོད་ལྟེ་གནས་”ཀྱིས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དང་། ནན་ཁའེ་སློབ་ཆེན་གསར་གཏོད་ལས་གཏོད་ཀྱི་རྟེན་གཞི། ཀྲུང་གོའི་ཚན་རིག་གླིང་ས་གཤིས་ཚན་རིག་དང་ས་ཁོངས་གོང་སྤེལ་ཞིབ་འཇུག་གླིང་། བོད་རང་སྐྱོང་ལྗོངས་ན་གཞོན་ཚན་རྩལ་གསར་གཏོད་མཐུན་ཚོགས། ལྷ་སའི་རྟ་ནག་སྒོང་སྙོལ་གསོ་ཆས།  ཡོ་ཁི་ལས་གྲྭ། ལྷ་སའི་མཐོ་གསར་ཁུལ་གྱི་སློབ་ཆེན་སློབ་མའི་ལས་གཏོད་གླིང་སོགས་བྱ་གཞག་གསར་གཏོད་ཀྱི་སྐྱེད་སྲིང་ལས་སྟེགས་ནང་འདྲེན་བྱས་ནས་ལས་གཏོད་གསར་གཏོད་ཀྱི་གསོ་སྦྱོང་རྟེན་གཞི་དང་། ལས་གཏོད། སྒོ་རྩིས་ཚོང་ཁང་། གྲུབ་འབྲས་དངོས་སྒྱུར་ཐིང་། ཚོགས་ཁང་བཅས་འདས་པའི་མཉེན་ཆས་དང་མཁྲེགས་ཆས་སྐོར་གྱི་སྒྲིག་བཀོད་འཐུས་ཚང་དུ་བཏང་བས། ལས་གཏོད་གསར་གཏོད་ཚོགས་པར་མ་གནས་དམའ་ལ་སྟབས་བདེ་བ།  རྒྱུ་རྐྱེན་ཆ་ཚང་བ་བཅས་སྒོ་འབྱེད་རང་བཞིན་གྱི་ལས་གཏོད་ཞབས་ཞུའི་ལས་སྟེགས་གསར་པ་ཞིག་བསྐྲུན་ཡོད་པ་རེད། 
          སྣེའུ་ཁུལ་གསར་གྱི་ཀུན་གཏོད་བར་སྟོང་མཉམ་འབྲེལ་ཏང་ཀྲི་པུའི་སྣེ་ཁྲིད་སྒྲིག་འཛུགས་འོག  སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ལ་བརྟེན་ནས་མ་འཇོག་ཧ་ལམ་བྱེ་བ་ཙམ་བཏང་ནས་སློབ་ཆེན་སློབ་མའི་གཉིས་གཏོད་ཟབ་སྦྱོང་ཞབས་ཞུ་ཉོ་སྒྲུབ་བྱས་ཏེ། ལས་གཏོད་སྒྲོག་འགྲེལ་དང་། གསར་གཏོད་ལས་གཏོད་ཀྱི་གླེང་སྟེགས་གསོ་སྦྱོང་། རྣམ་གྲངས་སྦྲེལ་མཐུད་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཐེངས་40ལྷག་ཙམ་གཉེར་ཡོད་པ་དང་། མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་ཞབས་ཞུའི་ཁྱབ་རྒྱ་མུ་མཐུད་ནས་ཆེ་རུ་བསྐྱེད་དེ། གཉིས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་དང་དྲ་འོག་ཞབས་ཞུ་ལྟེ་གནས་ལ་བརྟེན་ནས་དྲ་ཐོག་དང་དྲ་ཕྱི་ཕན་ཚུན་ཟུང་དུ་སྦྲེལ་ཏེ།  གསར་གཏོད་ལས་གཏོད་ཁེ་ལས་ལ་རིན་མི་དགོས་པའི་མགོ་མཇུག་གཙང་སྒྲིལ་ཅན་གྱི་ཁེ་ལས་ཚོང་ལས་ཞབས་ཞུ་མཁོ་འདོན་བྱས་ནས་རྣམ་གྲངས་ཐོག་མ་མགྱོགས་མྱུར་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་།ཉེན་ཁའི་སྐྱིན་གསབ་ཐེབས་རྩའི་སྒོར་ཁྲི5000དང་། ཕོ་ཉའི་སྣེ་ཁྲིད་ཀྱི་སྒོར་ཁྲི2000 ། གསར་གཏོད་བྱང་བུའི་སྒོར་ཁྲི་500བཅས་བེད་སྤྱོད་གང་ལེགས་བྱས་ཏེ། མ་རྩའི་ཁྲོམ་ར་དབར་སྦྲེལ་མཐུད་བྱེད་རོགས་དང་མ་དངུལ་བསྡུ་རུབ་ལ་ལམ་སྟོན།  གཉིས་གཏོད་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ཐད་འཕྲད་པའི་དཀའ་ངལ་སེལ་རོགས་བཅས་བྱས་ནས་གསར་གཏོད་ལས་སྐྲུན་གྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། ཏང་ཀྲི་པུའི་མཐུན་སྦྱོར་འོག་དང་། སྣེའུ་ཁུལ་གསར་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་སྒོར་ཁྲི595.7ཡི་གཉིས་ གཏོད་ཁེ་ལས་ཀྱི་ཐོན་རྫས་ཉོས་ཟིན་པ་རེད། 
          སྣེའུ་ཁུལ་གསར་གྱི་ཀུན་གཏོད་བར་སྟོང་མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་ཆེད་དུ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བྱས།  ད་སྔ“སྣེའུ་སྦྲང་ཚང་+ གསར་གཏོད་ལྟེ་གནས་”སུ་གཉིས་གཏོད་ཁེ་ལས་89བཅའ་སྡོད་བྱས་ཡོད་ཅིང་། མི་1455 ལས་ཞུགས་ཐག་གཅོད་བྱས་ཡོད་པ་དང་།དེའི་ནང་སློབ་གྲྭ་ཆེན་མོ་བ530ཡོད། གཞན་མཉམ་འབྲེལ་ཏང་ཀྲི་པུའུ་དེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ཏེ།  རྩལ་ནུས་ཟབ་སྦྱོང་མི་ཐེངས100ལྷག་དང་ལས་གཏོད་ཟབ་སྦྱོང་མི་ཐེངས་500ལྷག་ལ་སླེབས་ཚད་ཅིག་གཉེར་ནས་ལས་ཞུགས་མི་སྣ་ཁྲི་ཚོ་རེའི་ནང་ཆེད་ལས་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་སྣ་མི2000ཟིན།
          ལས་རིམ་རྗེས་མར་སྣེའུ་ཁུལ་གསར་གྱི་ཀུན་གཏོད་བར་སྟོང་མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་སྣེའུ་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  ཙུང་ལི་ལི་ཁེ་ཆིང་གིས་བཏོན་པའི་“སྣེའུ་གསར་འདབ་ལག་རྫོགས་པའི་གཉིས་གཏོད་གྲོང་།  ལྗོན་བཟང་ཚལ་ལ་འགྲན་པའི་གསེར་བྱ་འགུགས”ཞེས་པའི་བླང་བྱ་དམིགས་ཚད་དང་སྒུལ་ཤུགས་སུ་བཟུང་སྟེ། ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། གཉིས་གཏོད་ཀྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་ནས་སྣེའུ་ཁུལ་གསར་གྱི་མངའ་ཁོངས་ཕྱི་ནང་དང་། དྲ་རྒྱའི་ཕྱི་ནང་ཤར་གཏོང་།  ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བོད་ལྗོངས་དང་། ཐ་ན་ནུབ་རྒྱུད་ས་ཁུལ་ཧྲིལ་པོའི་གསར་གཏོད་འཕེལ་རྒྱས་དང་། ཐོན་ལས་ལེགས་བསྒྱུར་ལ་དཔྱད་གཞི་མེ་ལོང་ལྟ་བུ་དང་མ་དཔེར་འོས་པ།  ཁྱབ་གདལ་གཏོང་རུང་བའི་ལམ་བུ་ཞིག་གཏོད་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག