ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་ས་གྲོང་ཁྱེར་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གཞི་གྲངས་ལེགས་སྒྲིག་བྱ་རྒྱུ་རེད།

2018-12-14 བཀྲ་རྒྱལ་གྱིས་བསྒྱུར།
ཟླ12པའི་ཚེས12ཉིན་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་ལས་བཟོ་པར་སྤྱི་གསོག་མ་དངུལ་ལེན་པའི་ལས་སྒོ་སྒྲུབ་བཞིན་པ།
          ཟླ12པའི་ཚེས12ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། མ་དངུལ་བཅོལ་ཉར་བྱེད་མཁན་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གཞི་གྲངས་དང་བཅོལ་ཉར་གཞི་གྲངས་ཀྱི་གོང་མཚམས་ལེགས་སྒྲིག་བྱ་རྒྱུ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གཞི་གྲངས་དུས་ཐོག་ཏུ་གསར་སྒྱུར་བྱ་རྒྱུ་ཡིན་ལ། ལེགས་སྒྲིག་བྱས་རྗེས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་བྱས་པའི་ཟླ་རེའི་གླ་ཕོགས་ཀྱི་གཞི་གྲངས་ནི་ལས་བཟོ་པའི་ལས་ཀ་བྱེད་གནས་གྲོང་ཁྱེར(ས་གནས)གྱི་སྡོམ་རྩིས་ཚན་པས་ཡོངས་བསྒྲགས་བྱས་པའི་ལོ་འཁོར་གོང་མའི་ཆ་སྙོམས་ཟླ་རེའི་གླ་ཕོགས་ཀྱི་ལྡབ3ལས་བརྒལ་མི་རུང་།
          ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཞིན་ཧྥུང་གིས“《སྡོད་ཁང་སྤྱི་གསོག་མ་དངུལ་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལས་བཟོ་པའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཟླ་རེའི་བཅོལ་ཉར་གྲངས་འབོར་ནི་ལས་བཟོ་པ་རང་ཉིད་ཀྱི་ལོ་སྔོན་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ལ་ལས་བཟོ་པའི་སྡོད་ཁང་གི་སྤྱི་གསོག་དངུལ་བཅོལ་ཉར་གྱིས་བསྒྱུར་པའི་བསྡུར་ཚད་རེད། ལས་ཁུངས་ཀྱི་ལས་བཟོ་པར་བཅོལ་ཉར་བྱས་པའི་སྡོད་ཁང་གི་ཟླ་རེའི་བཅོལ་ཉར་གྲངས་འབོར་ནི་ལས་བཟོ་པ་རང་ཉིད་ཀྱི་ལོ་སྔོན་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ལ་ལས་ཁུངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གྱིས་བསྒྱུར་པའི་བསྡུར་ཚད་རེད། ལྷ་ས་གྲོང་ཁྱེར་གྱིས་གཏན་འབེབས་འདི་གཞིར་བཟུང་ལག་བསྟར་ནན་པོ་བྱ་དགོས།” དེའང་གསལ་པོར་བཤད་ན། 2019ལོའི་ལོ་འཁོར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གཞི་གྲངས་དེ་ལས་བཟོ་པ་རང་ཉིད་ཀྱི2018ལོའི་ལོ་འཁོར་གྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཡིན་ལ། བྱེ་བྲག་གི་རྩིས་རྒྱག་སྟངས་ནི། ལས་བཟོ་པའི་ཟླ1པོ་ནས་ཟླ12པའི་བར་གྱི་སྟེར་དགོས་པའི་གླ་ཕོགས་(ཟླ13པའི་གཟེངས་རྟགས་བྱ་དགའི)བསྡོམས་འབོར་ལ་ཟླ12ཀྱིས་བགོ་བ་དང་། ཟླ་རེའི་བཅོལ་ཉར་གཞི་གྲངས་ལ་འཇལ་བའི་བསྡུར་ཚད་གཉིས་བསྒྱུར་པ་ནི་ཟླ་རེའི་འཇལ་གསོག་གྲངས་འབོར་ཡིན་ལ། ཟླ་རེའི་བཅོལ་ཉར་གྲངས་འབོར་གཏན་ཁེལ་བྱས་རྗེས་ལོ་གཅིག་གི་ནང་བསྐྱར་དུ་འགྱུར་བ་གཏོང་མི་སྲིད་ཅེས་ཟེར།
          ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ལོ་འཁོར་གྱི་ལས་བཟོ་པའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་བཅོལ་ཉར་གྱི་ལས་སྒོ་བསྒྲུབས་ཚར་རྗེས། ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་ཁག་གི་འབྲེལ་ཡོད་མི་སྣས་ངེས་པར་དུ་2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་ཚུན་དུ། CD(DVD)འོད་སྡེར་འཁྱེར་ནས་ལྷ་ས་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སམ་ཡང་ན་དངུལ་ཁང་གི་ལས་སྒོའི་དྲ་བ་དང་སྡོད་ཁང་སྤྱི་གསོག་མ་དངུལ་ཀྱི་ལས་གཉེར་སྟེགས་བུ་བརྒྱུད་《ལས་བཟོ་པའི་གཞི་གྲངས་ལེགས་སྒྲིག་མ་དཔེ》དང་དེ་བཞིན《ལས་བཟོ་པའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལོ་སྔོན་མའི་ལོ་འཁོར་གྱི་ཆ་སྙོམས་གླ་ཕོགས་རྩིས་རྒྱག་རེའུ་མིག》 ( གཤམ་དུ《གླ་ཕོགས་བསྡོམས་རྩིས་རེའུ་མིག》ཞེས་བརྗོད་རྒྱུ)བཅས་ལ་འདྲ་བརྙན་རྒྱག་དགོས་པ་དང་། གླ་ཕོགས་ལེགས་སྒྲིག་བྱས་རྗེས་ཀྱི་གཞི་གྲངས་མ་དཔེ་དང《བསྡོམས་རྩིས་རེའུ་མིག》 སྡོད་ཁང་སྤྱི་གསོག་མ་དངུལ་ལས་སྒོའི་ལས་སྟེགས་སུ་སྤྲོད་དགོས་ཤིང་། གསར་སྣོན་མི་སྣས(གཞི་གྲངས་ལེགས་སྒྲིག་ཁྲོད་མེད་པའི་མི་སྣ)ལོགས་སུ་གསར་སྣོན་ཡིག་ཐོག་སྙན་ཞུ་འབུལ་དགོས་པ། ད་ཐེངས་ཀྱི་ལེགས་སྒྲིག་ཁྲོད་བཅོལ་ཉར་གཞི་གྲངས་གཅིག་པུར་འགྱུར་བ་གཏོང་རྒྱུ་རེད།     རྒྱུས་ལོན་བྱུང་པ་ལྟར་ན།《སྡོད་ཁང་སྤྱི་གསོག་མ་དངུལ་སྐོར་གྱི་སྲོལ་ཡིག》ཏུ་གཏན་འབེབས་གནང་པའི་ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གཞི་གྲངས་ལོ་རེར་ཐེངས་གཅིག་ཞིབ་བཤེར་གྱི་གཏན་འབེབས་ལྟར། 2019ལོའི་ཟླ1པོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་བཅོལ་ཉར་ལ་ལོ་འཁོར་ཞིབ་བཤེར་བྱེད་དུས་ནི་ལོ་དེའི་ཟླ7ཚེས1ཉིན་ནས་ཕྱི་ལོའི་ཟླ6ཚེས30ཉིན་བར་ནས་ལོ་དེའི་ཟླ1པོའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ལེགས་སྒྲིག་གནང་ཡོད་ལ།ད་ལོའི་ཟླ12པའི་ཚེས15ཉིན་སྔོན་ལ།  ལྷ་ས་གྲོང་ཁྱེར་གྱི་བཅོལ་ཉར་སྡེ་ཚན་ཁག་ནི་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་སམ་ཡང་ན་དངུལ་ཁང་གི་ལས་སྒོའི་དྲ་ཚིགས་སུ་ཕྱིན་ནས་ལོ་འཁོར་དེའི་ལས་བཟོའི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་ལས་ཀ་སྒྲུབ་ཚར་དུ་བཅུག་ནས་ལྟེ་གནས་དེས་དུས་ཐོག་ཏུ2019ལོའི་ལོ་འཁོར་གྱི་མ་དངུལ་བཅོལ་ཉར་གཞི་གྲངས་ལེགས་སྒྲིག་ལ་སྟབས་བདེ་བསྐྲུན་དགོས་རྒྱུ་མ་ཟད2019ལོའི་ཟླ1པོ་ནས་བཟུང་བཅོལ་ཉར་གཞི་གྲངས་གསར་པ་ལག་བསྟར་བྱེད་འགོ་རྩོམ་རྒྱུ་རེད། ལོ་དེར་གསར་སྣོན་མི་སྣའི་སྡེ་ཚན་ཁག་གིས་ངེས་པར་དུས་ཐོག་ཏུ་བཅོལ་ཉར་འགྲོ་ལུགས་སྒྲུབ་དགོས་ཤིང་།དུས་ཐོག་ཏུ་མ་སྒྲུབ་པར་ལས་བཟོ་པའི་བཅོལ་ཉར་ལྷག་གྲངས་ལ་ནོར་འཁྲུལ་བྱུང་པའི་རིགསལ་སྡེ་ཚན་རང་ཉིད་ཀྱིས་འགན་འཁུར་དགོས།
          ཀྲུའུ་ཞིན་ཧྥེང་གིས“ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་བླང་བྱ་ལྟར། ལོ་མཇུག་ལ་བརྗེ་སྒྱུར་དང་ནོར་དོན་ངེས་རྩིས་སོགས་ཀྱི་རྒྱུ་རྐྱེན་དབང་གིས། ཟླ་འདིའི་ཚེས20ཉིན་ནས་2019ལོའི་ཟླ1པོའི་ཚེས10ཉིན་རིང་བར། ངེད་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཏོང་བའི་ལས་སྒོ་སྤེལ་མཚམས་འཇོག་རྒྱུ་ཡིན་ལ། ཕྱི་ལོའི་ཟླ1པོའི་ཚེས11ད་གཟོད་ལས་སྒོ་བསྐྱར་དུ་གཉེར་རྒྱུ་ཡིན་པས་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བཟོ་བས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་ལེན་ཐད་འདི་ལྟར་བཀོད་སྒྲིག་འོས་འཚམས་བྱེད་དགོས”ཞེས་གསལ་འདེབས་གནང་བྱུང་།
འབྲེལ་ཡོད་རྩོམ་ཡིག