ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་རིགས་ཀྱི་དགེ་སློབ་400ལྷག་ཙམ་ཕ་ཡུལ་དུ་ལོག་པ།

2019-01-16 རིན་སྒྲོལ་གྱིས་བསྒྲིགས།
འདི་ནི་མེ་འཁོར་ནང་གི་བོད་རིགས་ཀྱི་དགེ་སློབ་ཚོ་ཡིན་པ།
          ཟླ་1ཚེས་14ཉིན། ཧུའུ་པེ་ཧོང་ཀང་ལིང་ཧུའུ་མཐོ་རིམ་སློབ་འབྲིང་གི་བོད་རིགས་ཀྱི་དགེ་སློབ་400ལྷག་ཙམ་ཝུའུ་ཁྲང་མེ་འཁོར་བབས་ཚུགས་སུ་ཝུའུ་ཧན་ནས་ཟི་ལིང་བར་གྱི་མེ་འཁོར་ཐེངས་K624ལ་བསྡད་དེ་ཁྱིམ་དུ་ལོག་པ་རེད། ཉིན་ཤས་བསྟུད་མར། ཝུའུ་ཁྲང་མེ་འཁོར་བབས་ཚུགས་ཀྱིས་སྒུལ་བདེའི་སྤ་སེ་ཕྱིར་ཚོང་གི་རླངས་འཁོར་ལིང་ཧུའུ་མཐོ་རིམ་སློབ་འབྲིང་དུ་མངགས་པ་དང་། ཆེད་སྤྱོད་མེ་འཁོར་སྒུག་ཁུལ་བཙུགས་པ། ཆེད་མིས་རུ་སྣེ་ཁྲིད་པ་བཅས་བྱས་ནས་བོད་རིགས་ཀྱི་དགེ་སློབ་ཚོ་ཁྱིམ་དུ་ལོག་པའི་ལམ་བུ་ཤར་བགྲོད་ཡོང་བ་བྱས་ཡོད། མེ་འཁོར་ཐེངས་K624ཡི་ཐོག་མེ་འཁོར་ཞབས་ཞུ་བས་རིག་རྩལ་འཁྲབ་སྟོན་དང་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲི་ལན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ལམ་བར་དུ་འཁྲུག་ཆ་དོད་པོ་ཡོང་བ་བྱས་ཡོད། ད་ཐེངས་ནི་ཝུའུ་ཁྲང་མེ་འཁོར་བབས་ཚུགས་ཀྱིས་བོད་རིགས་ཀྱི་དགེ་སློབ་ཚོ་ལོ་གསར་གཏོང་བར་སྐྱེལ་བའི་ལོ་10པ་དེ་ཡིན། 
འབྲེལ་ཡོད་རྩོམ་ཡིག