ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མཐོ་སྒང་གི་སྙིང་ཁམས་ཁྲག་རྩའི་ཚབས་ཅན་ནད་དང་སྣེ་འཛིང་ཏོག་རྩའི་ནད་འགྱུར་གྱི་གསབ་སྦྱོང་འཛིན་གྲྭ་སྐབས་དང་པོ་ལྷ་ས་ནས་བསྡུས་པ།

2019-05-16 འབྲུག་རྒྱལ་མཁར་གྱིས་བསྒྱུར།
གསབ་སྦྱོང་འཛིན་གྲྭའི་ཡུལ་དངོས།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ལམ་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་“ཚོ་སྐོར་རྣམ་པའི”བོད་སྐྱོར་རིག་གཞུང་བགྲོ་གླེང་བྱ་འགུལ་ཚོགས་འདུ་དང་མཐོ་སྒང་གི་སྙིང་ཁམས་ཁྲག་རྩའི་ཚབས་ཅན་ནད་དང་སྣེ་འཛིང་ཏོག་རྩའི་ནད་འགྱུར་གྱི་གསབ་སྦྱོང་འཛིན་གྲྭ་སྐབས་དང་པོ་ལྷ་ས་ནས་བསྡུས། 
            སྙིང་ཁམས་ཁྲག་རྩའི་ནད་ནི་ཚེ་སྲོག་ལ་གནོད་འཚེ་ཆེ་བའི་འཆི་རྐྱེན་ཆེན་པོ་ལྔའི་ཡ་གྱལ་ཞིག་ཡིན་ལ། ཉེ་བའི་ལོ་འགར་དེའི་འཁོར་ཕྱོགས་ཡར་འཕར་ཏེ། མིག་སྔའི་སྨན་བཅོས་ན་ཚའི་འགོག་བཅོས་བྱ་བའི་གཙོ་གནད་ཅིག་ཏུ་གྱུར་ཡོད། 
            “བོད་ཁུལ་ནི་ཁྲག་ཤེད་མཐོ་བ་དང་སྙིང་ཁམས་ཁྲག་རྩའི་ནད་འབྱུང་ཚད་མཐོ་བའི་ས་ཆ་ཡིན་པས། སྙིང་ཁམས་ཁྲག་རྩའི་ནད་འགོག་བཅོས་ཀྱི་ལས་འགན་ཤིན་ཏུ་ལྕི་བ་རེད།”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འགོ་གཙོ་གཞོན་པ་སྐལ་བཟང་ནོར་བུས་དེ་ལྟར་བརྗོད་བྱུང་། མཐོ་སྒང་གི་སྙིང་ཁམས་ཁྲག་རྩའི་ནད་འགོག་བཅོས་བྱ་བ་ལ་ས་ཆ་གཞན་དང་མི་འདྲ་བའི་ནད་རྐྱེན་ཀྱི་ཁྱད་ཆོས་དང་། སྨན་བཅོས་ཀྱི་དཀའ་ཁག ནད་གསོའི་སྐོར་གྱི་རྒྱུ་རྐྱེན་དམིགས་བསལ་བ་ཡོད།
            མཐོ་སྒང་གི་སྙིང་ཁམས་ཁྲག་རྩའི་ཚབས་ཅན་ནད་དང་སྣེ་འཛིང་ཏོག་རྩའི་ནད་འགྱུར་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས་པ་དེས། བོད་ཀྱི་སྙིང་ཁམས་ཁྲག་རྩའི་ནད་བརྟག་ལག་རྩལ་འཕེལ་རྒྱས་སུ་འགྲོ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྙིང་ཁམས་ཁྲག་རྩའི་ཚབས་ཅན་ནད་དང་མཚམས་འཇུག་ལག་རྩལ་གྱི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་ཡིན་ལ། དེ་དང་མཉམ་དུ་ནང་ལོགས་དང་བོད་ཁུལ་བར་གྱི་སློབ་སྦྱོང་བརྗེ་རེས་བྱ་བར་ཤུགས་བསྣན་ཏེ་རྒྱ་ཆེ་བའི་མཐོ་སྒང་གི་སྙིང་ཁམས་ཁྲག་རྩའི་ནད་པ་དག་ལ་འཕྲིན་བཟང་བསྐྱལ་ཡོང་བ་རེད། 
གསབ་སྦྱོང་འཛིན་གྲྭའི་ཡུལ་དངོས།
            2015ལོ་ནས་བཟུང་“ཚོ་སྐོར་རྣམ་པའི”སྨན་བཅོས་བོད་སྐྱོར་བྱ་བ་འགོ་བརྩམས། ཀྲུང་དབྱང་གིས་སྨན་བཅོས་ཆེད་མཁས་པ་བརྒྱ་ཕྲག་ལྷག་གདམ་ནས་བོད་དུ་མངགས་པ་དང་། བོད་ཀྱི་ས་ཁུལ་སོ་སོའི་གྲོང་ཁྱེར་ལ་ཕྱིན་ནས་རོགས་སྐྱོར་བྱས། ཆེད་མཁས་པ་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་སྨན་བཅོས་བོད་སྐྱོར་བྱ་བ་ཡར་ངོའི་ཟླ་བ་བཞིན་ཡར་རྒྱས་བྱུང་ཏེ་གྲུབ་འབྲས་མི་དམན་པ་བླངས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དེ་ནད་ཚབས་ཆེན་གང་བྱུང་ཡང་བོད་ནས་བཅོས་ཐུབ་པའི་མཐའ་འཁྱོལ་སྨན་ཁང་ཞིག་ཡིན་པའི་ཆ་ནས། ཚན་རྩལ་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ནུས་པའང་དང་དུ་ལེན་དགོས་ཤིང་། ཁྱབ་འགྱེད་ལ་བརྟེན་ནས་ཡོངས་ཁྱབ་སྨན་བཅོས་དྲ་བ་མུ་མཐུད་གྲུབ་ཐུབ་པར་བྱ་དགོས། བོད་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས་དག་ལ་འབྲེལ་བ་འཛུགས་པ་མ་ཟད། ནང་ལོགས་ཀྱི་ཞིང་ཆེན་སོ་སོའི་སྨན་ཁང་དང་ཡང་དེ་ལས་ལྷག་པའི་འབྲེལ་བ་བཙུགས་ནས། ཆེད་མཁས་པའི་ཐོན་ཁུངས་ལེགས་པར་སྤྱད་དེ་བར་ཐག་རིང་པོའི་བརྟག་བཅོས་མངོན་འགྱུར་བྱེད་པ་དང་། བོད་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས།
            རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་གསབ་སྦྱོང་གི་ནང་དོན་གཙོ་བོར་སྙིང་གི་ནུས་པ་མ་ཚང་བའི་ཤོང་ཚད་ཚོད་འཛིན་དང་གློ་བའི་ཁྲག་རྩ་འགག་པའམ་དོས་དྲག་ཅན། STEMIཞུ་བཀག སྣེ་འཛིང་མཚམས་འཇུག་གི་ནད་པའི་ཁྲག་རྒྱུ་གསར་བཟོའི་གདམ་ང་། འཕྲུལ་ཆས་ཀྱི་གཞོགས་འདེགས་སྒྲིག་ཆས་ཚབས་ཅན་ནད་པར་བཀོལ་སྤྱོད་བྱེད་པ། IVUS/OCIཡི་མཚམས་འཇུག་སྨན་བཅོས་ཁྲོད་ཀྱི་བཀོལ་སྤྱོད་རྨང་གཞི་སོགས་འདུས་ཡོད། 
གསབ་སྦྱོང་འཛིན་གྲྭའི་ཚོགས་མིའི་མཉམ་པར།
            བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འགོ་གཙོ་གཞོན་པ་སྐལ་བཟང་ནོར་བུས་བཤད་རྒྱུར། ཐེངས་འདིའི་གསབ་སྦྱོང་སློབ་ཁྲིད་ཀྱི་བཀོད་སྒྲིག་ལུགས་དང་མཐུན་ལ་ནང་དོན་ཕུན་སུམ་ཚོགས་ཅིང་། དེའི་ནང་སྙིང་ནུས་ཉམས་པ་བརྟག་བཅོས་དང་གློ་བའི་ཁྲག་རྩ་འགག་པ་སོགས་ཀྱི་སློབ་ཁྲིད་ཀྱི་ཁྲིད་ཐབས་གོ་བདེ་བ་དང་། དེ་ནི་བོད་ཀྱི་སྨན་ཁང་མང་ཆེ་བའི་མིག་སྔར་ལྷགས་པའི་གནད་དོན་ཡིན་ལ། བརྟག་བཅོས་ནུས་པ་མཐོར་འདེགས་བྱ་བར་ཕན་ཐོགས་ཡོད།  IVUS/OCIནང་འཇུག་སྨན་བཅོས་ཁྲོད་ཀྱི་བཀོལ་སྤྱོད་རྨང་གཞིའི་སློབ་ཁྲིད་ཀྱི་མིག་རྒྱང་རིང་པས། མ་འོངས་པར་བོད་དུ་དེ་འདྲའི་ལག་རྩལ་དར་སྤེལ་བྱ་བ་ལ་རྨང་གཞི་བཏིངས་ཡོད། 
            “རྗེས་ཕྱོགས་སྟོབས་ཤུགས་དང་ཐོན་ཁུངས་དེ་ལས་མང་པོས་འདི་དང་འདྲ་བའི་རིག་གཞུང་བགྲོ་གླེང་བྱ་འགུལ་ལ་རྒྱབ་སྐྱོར་བྱ་ངེས་ཡིན་པ་དང་། བོད་ཀྱི་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་གདོན་རྒྱུ་ཡིན།”ཞེས་ཁྲིན་ཧུའུ་ཡིས་དེ་ལྟར་བཤད་བྱུང་།
འབྲེལ་ཡོད་རྩོམ་ཡིག