ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུ་བྲོའི་རྒྱུད་འཛིན་སྐོར་གྱི་ཟིན་ཐོ།

2019-07-04 འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ལུས་ལ་ཁ་དོག་སྣ་ལྔའི་བྲོ་ལྭ་གྱོན་པ་དང་། སྐགས་ཀྱི་རྔ་སྒྲ་དུང་དུང་གྲགས་ཅིང་། སྐྲའི་ལན་བུ་དཀར་པོ་སྐགས་ཀྱི་རྔ་དང་མཉམ་དུ་མྱུར་བར་འཁོར། ཉི་མ་དབང་ཕྱུག་དགུང་ལོ་78བཞེས་ཡོད་རུང་།  འཇུ་བྲོ་འཁྲབ་ཚེ་ན་གཞོན་ལས་ཕམ་ཁ་ཉོ་མི་སྲིད། 
             ཉི་མ་དབང་ཕྱུག་ནི་ལྷོ་ཁ་ཁུལ་འཕྱོངས་རྒྱས་རྗོང་ཤ་གསོས་ཤང་གི་འཇུ་གྲོང་ཚོའི་ཚོ་ཆུང་གཉིས་པའི་གྲོང་མི་ཞིག་ཡིན། འཇུ་བྲོ་དང་འབྲེལ་འདྲིས་བྱས་ནས་ལོ་ངོ་60ལྷག་འགོར་ཡོད།
             2014ལོར། འཇུ་བྲོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲོད་ཚུད་པ་དང་། 2018ལོར་ཉི་མ་དབང་ཕྱུག་བྲོ་གར་འདིའི་ཚབ་མཚོན་རྒྱུད་འཛིན་པར་བདམས། ཁོས་གསར་འགོད་པར་བཤད་རྒྱུར། 1959ལོའི་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་གྱི་ཡར་སྔོན་དུ། ཁོང་ཚང་ནི་འཕྱོངས་རྒྱས་རྫོང་གི་གཞིས་ཀ་ཞིག་གི་ཞིང་བྲན་ཡིན་ལ། ནམ་རྒྱུན་ཕྱག་མཛོད་དང་སྐུ་དྲག་རྣམས་ཀྱི་ནོར་ལུག་འཚོ་བ་དང་ཞིང་འདེབས་དགོས་པར་མ་ཟད། ད་དུང་འཇུ་བྲོ་འཁྲབ་ནས་ཁྲལ་སྤྲོད་པ་དང་། ཕྱག་མཛོད་དང་སྐུ་ངོ་ཚོར་རོལ་རྩེད་འཁྲབ་དགོས་ཞེས་ཟེར།
             ཉི་མ་དབང་ཕྱུག་གིས་ཕྱིར་དྲན་བྱས་པར། “འཇུ་བྲོ་ནི་ཨ་ཞང་དང་ཨ་ཕ་གཉིས་ཀྱིས་ང་ལ་ཁྲིད་པ་དང་མི་ལོ་60ལྷག་ལ་འཁྲབ་པ་ཡིན།”ཟེར།  “གནའ་དུས་དགོན་པའི་ནང་དུ་བྱེད་སྒོ་ཆེན་པོ་སྤེལ་བ་དང་ཁེལ་དུས་ཕྱག་མཛོད་དང་སྐུ་ངོ་ཚོས་འཇུ་བྲོ་རུ་ཁག་རྩ་འཛུགས་བྱས་ནས་གྲོང་ཚོའི་སྣེ་མོ་ནས་དགོན་པའི་རི་ངོས་བར་འཁྲབ་པ་དང་། དེ་ནས་ཡང་བསྐྱར་དགོན་པ་ནས་གྲོང་ཚོའི་ནང་བར་དུ་འཁྲབ་དུ་འཇུག ཕར་ཚུར་སྤྱི་ལེ་འགའི་ལམ་བར་བརྒྱུད་ནས་འཁྲབ་དགོས་པས་ངལ་བས་དུབ་ཅིང་དཀའ་ཚེགས་ཧ་ཅང་ཆེ། འཇུ་བྲོ་འཁྲབ་པ་ལ་སྐྲ་རིང་པོ་བསྐྱུར་དགོས་ཤིང་། ཁྲལ་ལྕི་མོ་འདི་ལ་གཞོལ་ཆེད་ཚང་མས་ལྐོག་ནས་སྐྲ་ལོ་གཅོད་པར་བྱེད། འོན་ཀྱང་ཕན་ཐོགས་ཅི་ཡང་མེད་པ་མ་ཟད་ད་དུང་གཅར་རྡུང་ཉོས་ཡོང་།”
             “བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་རྗེས། འཁྲབ་སྟོན་རུ་ཁག་རིམ་བཞིན་དུ་འཐོར། ཡིན་ཡང་ང་ལ་འཁྲབ་སྟོན་གྱི་རྩལ་ཡག་པོ་ཞིག་འཛོམས་ཡོད་པས་རྫོང་ནང་གི་རིག་རྩལ་དྲིལ་སྒྲོག་རུ་མིར་གྱུར། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ། ཁོས་འཇུ་བྲོ་འཁྲབ་པ་ལ་བརྟེན་ནས་གང་ས་གང་དུ་ཞོར་ལས་དང་དངུལ་བཙལ་བ་དང་་རྒྱ་ཚ་རྫོང་དུ་ཁྱིམ་གཞིས་བཙུགས།” དེ་ལྟར། ཉི་མ་དབང་ཕྱུག་གིས་ལག་རྩལ་ལ་བརྟེན་ནས་འཚོ་བ་རོལ་བ་འདི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད།
             1992ལོར་། འཇུ་བྲོ་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་རིག་གནས་དུས་ཆེན་ཐོག་མར་ཞུགས་ཐུབ་པས། འཇུ་བྲོ་འཕེལ་རྒྱས་ཀྱི་དཔྱིད་དཔལ་སླེབས་ཤིང་ཉི་མ་དབང་ཕྱུག་གི་ལག་རྩལ་གྱིས་ཀྱང་གོ་ཆེན་པོ་ཆོད། ཉི་མ་དབང་ཕྱུག་གིས་བཤད་རྒྱུར། “ང་ཚོས་འཇུ་བྲོ་ལ་རྒྱུས་ལོན་བྱས་པ་གཞན་ལས་མང་བས་འཕྱོངས་རྒྱས་རྫོང་ནས་ཆེད་དུ་མི་མངགས་ཏེ་ང་ཕྱིར་སོང་ནས་ན་གཞོན་ཚོར་འཇུ་བྲོ་ཁྲིད་པའི་རེ་བ་ཞུས་སོང་།”ཟེར།
             ཉི་མ་དབང་ཕྱུག་གིས་གསར་འགོད་པར་བཤད་རྒྱུར། “རྒྱལ་ཁབ་ཀྱིས་དམངས་ཁྲོད་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་པས། འཇུ་བྲོ་ལའང་སྔར་ལས་ཡངས་པའི་གོང་འཕེལ་གྱི་མདུན་ལམ་བསྩལ། མིག་སྔར།  ངས་སློབ་མ་80ལྷག་བསྐྱེད་སྲིང་བྱས་པ་དང་ཁོ་ཚོ་ཁྲིད་ནས་ནང་ལོག་གི་ཞིང་ཆེན་མང་པོར་སོང་ནས་འཁྲབ་སྟོན་བྱས། 2011ལོར་འཇུ་བྲོ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སུ་ཞུགས་ཐུབ་པར་མ་ཟད་། རྗེས་སུ་ཡང་ཤང་ཀང་དང་ཨའོ་མོན་སོགས་ཀྱི་ས་ཆར་འཁྲབ་སྟོན་བྱས་ཤིང་། འཇུ་བྲོའི་ཤུགས་རྐྱེན་ཇེ་ཆེ་ནས་ཇེ་ཆེར་གྱུར།”ཟེར།
             ཉི་མ་དབང་ཕྱུག་གིས་གསར་འགོད་པར་བཤད་རྒྱུར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཇུ་བྲོ་ལ་གཏན་ཁེལ་གྱི་སྦྱོང་བརྡར་ཁང་ཡོད་པར་མ་ཟད་མ་དངུལ་འགྲོ་གྲོན་ཡང་འགན་སྲུང་བྱེད། འཇུ་བྲོ་སྦྱོང་མཁན་ཇེ་མང་དུ་གྱུར་པ་དང་། འཇུ་བྲོ་འཁྲབ་པ་ལ་བརྟེན་ནས་རང་གི་ཡོང་འབབ་ཇེ་ཆེར་གཏོང་མཁན་ཡང་མང་དུ་སོང་།
             ད་ལོར་ལོ་15ཡིན་པའི་ཚེ་རིང་དོན་འགྲུབ་ནི་ཉི་མ་དབང་ཕྱུག་གི་ཚ་བོ་ཡིན་ལ། འཕྱོངས་རྒྱས་རྫོང་དུ་སློབ་འབྲིང་འགྲིམས་བཞིན་ཡོད། ཁོས་གསར་འགོད་པར་བཤད་རྒྱུར། “ད་ལྟ་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་ནང་སླེབས་ཡོད་དེ་སློབ་མ་མང་པོས་འཇུ་བྲོ་འཁྲབ་ཤེས་པར་མ་ཟད། སློབ་གྲྭས་ཡང་འཇུ་བྲོའི་འཁྲབ་སྟོན་རུ་ཁག་རྩ་འཛུགས་བྱས་ཡོད། “ཅེས་ཟེར།
             འཇུ་བྲོ་སྦྱོང་མཁན་ཇེ་མང་ནས་ཇེ་མང་ཡིན་པས་ཉི་མ་དབང་ཕྱུག་དགའ་སྤྲོ་ཆེན་པོས་ཁེངས། ཁོས་བཤད་རྒྱུར། “སྔོན་ཆད། འཇུ་བྲོ་འཁྲབ་པ་ནི་དཀའ་ཁག་ཅན་གྱི་འགན་ཁུར་ལྟ་བུ་ཞིག་ཡིན། ད་ལྟ་མི་རྣམས་ཀྱིས་འཇུ་བྲོ་འཁྲབ་པ་ལ་བརྟེན་ནས་དངུལ་བཙལ་ཆོག་ལ། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཇེ་མཐོར་གཏོང་ཐུབ་པས་ཡག་ཐོག་ཡག་བརྩེགས་ཡིན།”ཞེས་ཟེར།
འབྲེལ་ཡོད་རྩོམ་ཡིག