ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་སའི་གཟི་དཔལ་ཉམས་སུ་མྱངས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སླར་ཡང་བཞད་དུ་བཅུག

2019-07-11 འབྲུག་རྒྱལ་མཁར་གྱིས་བསྒྱུར།
མི་རིགས་མཐུན་སྒྲིལ་དབྱར་སྒར་གྱི་མཇུག་བསྡུའི་མཛད་སྒོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་བརྒྱ་ལ་ཉེ་བ་ཞིག་གིས་པེ་ཅིང་གྲོང་ཁྱེར་ལོང་བའི་སློབ་གྲྭར་མི་རིགས་མཐུན་སྒྲིལ་དབྱར་སྒར་གྱི་མཇུག་བསྡུའི་མཛད་སྒོ་སྤེལ་ཅིང་། ཉིན་བརྒྱད་ཡུན་གྱི་མི་རིགས་མཐུན་སྒྲིལ་དབྱར་སྒར་གྱི་བྱ་འགུལ་དངོས་སུ་མཇུག་རྫོགས་པ་རེད། 
དབྱར་སྒར་གྱི་ཁོངས་མི་རྣམས་ཀྱིས་པེ་ཅིང་རྒྱ་མཚོའི་ཁང་མདུན་ནས་བསྐྱོན་པའི་མཉམ་པར།
བོད་ལྗོངས་ལྷ་ས་ནས་ཡོང་བའི་དགེ་སློབ་དང་མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་དགེ་སློབ་རྣམ་པས་མཛའ་བརྩེ་ཇེ་ལེགས་སུ་འགྲོ་བའི་ཆེད་དུ་སྤེལ་བའི་དབྱར་སྒར་གྱི་འཁྱགས་གཏོར་བྱ་འགུལ། 
            ཉིན་བརྒྱད་ཀྱི་ཡུན་ལ་དབྱར་སྒར་གྱི་ཁོངས་མི་དག་སྔ་ཕྱིར་རྒྱལ་སའི་དངོས་མང་བཤམས་སྟོན་ཁང་དང་། ཁུང་ཙི་ལྷ་ཁང་། ཀའོ་ཙི་ཅན་རྟེན་རྫས་བཤམས་སྟོན་ཁང་། དབྱི་ཧོ་སྐྱེད་ཚལ། གནམ་སྟེགས་སྤྱི་གླིང་། པེ་ཧའེ་སྤྱི་གླིང་། ཅུ་ཡོན་ཀོན་ལྕགས་རི་རིང་པོ། འཛམ་གླིང་ལྡུམ་རའི་ལག་རྩལ་རྒྱ་ཆེན་འགྲེམ་ཚོགས། པེ་ཅིང་རྩི་ཤིང་གླིང་ཀ པེ་ཅིང་རྒྱ་མཚོའི་ཁང་། ཨོ་ལིན་ཕིག་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཀྲུང་གོའི་ཚན་རྩལ་ཁང་། ཆིན་ཧྭ་སློབ་ཆེན་བཅས་སུ་ལྟ་སྐོར་དུ་སོང་བ་དང་། མཚན་མོར་ཁྲང་ཨན་སྲང་ལམ་དང་། CBD གནམ་བདེ་སྒོ་མོ་ཆེ་བཅས་སུ་སོང་བར་མ་ཟད། ད་དུང་ཚན་རྩལ་བྱ་འགུལ་ཁ་ཤས་ལའང་ཞུགས་ཏེ། དགེ་སློབ་རྣམས་ལ་པེ་ཅིང་མཁར་གྱི་“རྒྱལ་སའི་གཟི་ཉམས། གནའ་མཁར་གྱི་བརྗིད་ཉམས། དུས་རབས་ཀྱི་མཛེས་ཉམས།”མངའ་བའི་མཛེས་སྡུག་གི་གྲོང་ཁྱེར་འདིའི་ལོ་རྒྱུས་ཀྱི་ཉམས་འགྱུར་ཁྱད་པར་བ་དང་། ཟབ་རྒྱས་ཀྱི་རིག་གནས་རྩ་བ། དེང་རབས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ཉམས་སུ་མྱོང་དུ་བཅུག
དབྱར་སྒར་གྱི་ཁོངས་མི་དག་གིས་ཀྲུང་གོའི་ཚན་རྩལ་ཁང་དུ་ཚན་རིག་གི་སྟོབས་ཤུགས་ཉམས་སུ་མྱོང་བ།
            “གངས་རི་པེ་ཅིང་ལ་སྦྲེལ། གངས་ལྗོངས་ཀྱིས་ཏང་དྲིན་ཤེས། ལྷ་སའི་དགེ་སློབ་རྣམས་ཀྱིས་ལྷག་ཏུ་ཐེངས་འདིའི་སློབ་སྦྱོང་དབྱར་སྒར་བྱ་འགུལ་གྱི་གྲུབ་འབྲས་ལ་དམ་འཛིན་བྱས་ཏེ། ཤེས་སྤྱོད་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་འགྱུར་བ་དང་སློབ་སྦྱོང་ལ་ཧུར་བརྩོན། ལས་ཀ་ཡག་པོ་སྒྲུབ་ངེས།” ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། ཐེངས་འདིའི་དབྱར་སྒར་གྱི་སློབ་སྦྱོང་བརྒྱུད་ནས་སློབ་མ་རྣམས་ཀྱིས་རིམ་བཞིན་བཀའ་དྲིན་དང་འགན་འཁྲི་རྟོགས་པར་གྱུར་ཅིང་། རང་ཚུགས་རང་བདག་དང་མཐུན་སྒྲིལ་གཞོགས་འདེགས་བྱེད་རྒྱུ་ཤེས་པར་མ་ཟད། ཚང་མའི་སློབ་སྦྱོང་གི་སྤྲོ་སེམས་ཀྱང་བསླངས་པ་རེད། མཚོ་སྔོན་ཡུལ་ཤུལ་གྱི་དགེ་སློབ་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཁྲོད་ནས། ཚང་མའི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་དང་ཆ་རྒྱུས་ཀྱང་ཡག་པོར་ལོན། ལྷ་ས་གྲོང་ཁྱེར་གྱི་སྣེ་ཁྲིད་དགེ་རྒན་རྣམས་ཀྱིས་ཀྱང་སྒར་ཁྲིད་ཀྱི་ཐབས་ལམ་བརྒྱུད་ནས་རང་གི་ནུས་པ་དང་འཇོན་ཐང་ལ་སྦྱོང་བརྡར་ཐོབ་པ་དང་། ཤེས་སྤྱོད་ཀྱི་ཕྱོགས་བསྡུས་བྱང་ཚད་དང་ལག་ལེན་གྱི་ནུས་པའང་ཇེ་མཐོར་བཏང་བྱུང་ཞེས་བསྟན།
འབྲེལ་ཡོད་རྩོམ་ཡིག