ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཁྲིམས་ལུགས་བོད་སྐྱོར་ཏེ། བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ལས་དོན་འགོ་བཙུགས་པའི་མཛད་སྒོ་ལྷ་སར་སྤེལ་བ།

2019-07-12 འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་11ཉིན་“བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”ལས་དོན་མགོ་བཙུགས་མཛད་སྒོ་ལྷ་སར་སྤེལ་བ་དེས། རྒྱལ་ཡོངས་ཁྲིམས་རྩོད་པའི་བོད་སྐྱོར་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པ་མཚོན་ཡོད།
            དུས་ཡུན་རིང་པོ་ནས་བཟུང་སྟེ་བོད་སྐྱོར་གྱི་ཞིང་ཆེན་དང་ཁུལ་གྲོང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་སོ་སོའི་རྒྱབ་སྐྱོར་ཤུགས་ཆེན་པོ་ལ་བརྟེན་ནས། བོད་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་ལ་འཕེལ་རྒྱས་མི་དམན་པ་བྱུང་ཞིང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དང་། ཁྲིམས་འཛུགས་དང་ཁྲིམས་སྐྱོང་ཚད་ཇེ་ལྡན། བཙོན་ཁང་གི་དོ་དམ་འཐུས་ཇེ་ཚང་། སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་སྒོ་ཇེ་ལེགས་སུ་ཕྱིན་ཏེ། ཁྲིམས་ལྟར་བོད་སྐྱོང་བར་སྐུལ་འདེད་བྱ་བ་དང་། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཡུན་རིང་གོང་འཕེལ་དང་བརྟན་གནས་བདེ་འགོད་ལ་ལག་རྗེས་གལ་ཆེན་བཞག་པ་རེད།
སྒོ་འབྱེད་མཛད་སྒོའི་ཡུལ་དངོས།
            བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། “བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”ལས་དོན་འགོ་བཙུགས་པ་ནི་ཁྲིམས་འཛིན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བདེའི་འཐབ་ཇུས་བསམ་བློ་གལ་ཆེན་པོ་དང་ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་མངོན་ཚུལ་གལ་ཆེན་ཡིན་ལ། བོད་སྐྱོར་གྱི་ཞིང་ཆེན་དང་ཁུལ་གྲོང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་སོ་སོས་བོད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་ལས་ཚུལ་དངོས་གནས་པ་དང་། ཁྲིམས་རྩོད་པ་སོ་སོས་བོད་ཀྱི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུར་རོགས་རམ་བྱེད་པའི་ལག་ལེན་མངོན་སུམ་པ་ཡིན་པས། བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཁྲིམས་རྩོད་པ་མི་འདང་བའི་དཀའ་ངལ་ལྷོད་ཡང་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་དགོས་མཁོ་སྐོང་བ། ཁྲིམས་སྐྱོང་དྲིལ་སྒྲོག་དོན་འཁྱོལ་ཡོང་བར་ཤུགས་སྣོན། གཞི་རིམ་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
སྒོ་འབྱེད་མཛད་སྒོའི་ཡུལ་དངོས།
            པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲད་པ་ལྟར་ན། “བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ”ནི་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཞབས་ཞུའི་ཐོན་ཁུངས་ལེགས་གྲས་དག་ལ་འཆར་འགོད་བྱས་ཏེ། བོད་ཀྱི་མི་དམངས་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་བའི་བྱེད་ཐབས་གལ་ཆེན་ཡིན་ལ། “1+1”ཀྲུང་གོའི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་བྱ་འགུལ་དང་ཁྲིམས་རྩོད་པ་མངགས་ཏེ་ནུབ་རྒྱུད་ཀྱི་ཁྲིམས་རྩོད་པ་མེད་པའི་རྫོང་ལ་རོགས་སྐྱོར་བྱ་བའི་རྣམ་གྲངས་ཀྱི་རྗེས་སུ། མུ་མཐུད་ནས་ཡང་བསྐྱར་གསར་དུ་བཏོན་པའི་སྤྱི་ཕན་ཁྲིམས་ལུགས་ཞབས་ཞུའི་བྱ་འགུལ་གལ་ཆེན་ཞིག་ཡིན། ཐེངས་འདིར་མངགས་པའི་ཁྲིམས་རྩོད་པ་130ཡི་ཁྲོད་དུ། དང་བླངས་ཞབས་ཞུར་ཐེངས་གཉིས་ཡན་ལ་ཞུགས་པའི་མི28ཡོད་པ་དང་། མི་17དང་བླངས་ཞབས་ཞུར་ཐེངས་གསུམ་ཡན་ཞུགས་ཤིང་། མི་121གིས་སྔོན་ཐོན་གྱི་མི་སྒེར་ཞེས་པའི་མིང་ཐོབ་བླངས་འདུག
            རིམ་པ་རྗེས་མར་པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་2018ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིན་དང་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅས་ཀྱིས་མཉམ་དུ་མིང་རྟགས་བཀོད་པའི་ཕྱོགས་མཐུན་རོགས་སྐྱོར་མཉམ་ལས་ཀྱི་གྲོས་ཆོད་ལ་གཞིར་བཟུང་སྟེ། ལྟ་ཕྱོགས་དེ་བས་རྒྱ་ཆེན་པོ་དང་གཏིང་དཔག་དེ་བས་ཟབ་མོའི་སྒོ་ནས་བོད་ལྗོངས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཁྲིམས་རྩོད་པའི་མཐུན་ཚོགས་བར་གྱི་འབྲེལ་བར་ཤུགས་སྣོན་བྱ་རྒྱུ་ཡིན་པ་དང་། “བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ”ཡི་སྤྱི་ཕན་ཁྲིམས་ལུགས་ཞབས་ཞུའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་ལེགས་པོ་བྱས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཁྲིམས་རྩོད་པའི་སྤྱི་ཕན་ཁྲིམས་ལུགས་ཞབས་ཞུའི་བྱ་གཞག་སྐུལ་འདེད་བྱ་བ་ལ་ལེགས་སྐྱེས་དེ་བས་ཆེན་པོ་དབུལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་རྩོམ་ཡིག