ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་རྒྱ་ཚ་རྫོང་གི་བདེ་ཐང་དབུལ་སྐྱོར་གྱིས་ཞིང་འབྲོག་མང་ཚོགས་ལ་ནད་གཞིས་རྐྱེན་པས་དབུལ་བོ་དང་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

2019-07-31 པདྨ་ཚེ་རིང་གིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ངའི་མིག་ལ་དེ་སྔོན་སྐྱ་འགྲིབ་གཤགས་བཅོས་བྱས་མྱོང་། ད་ལྟ་རྒྱུན་དུ་ཅུང་ཟུག་གཟེར་ལངས་པས་སྨན་པས་བརྟག་དཔྱད་གནང་རོགས།” ཟླ་7པའི་ཚེས་29ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚ་རྫོང་མི་དམངས་སྨན་ཁང་དུ་ལོ་70ལ་སླེབས་པའི་སྐལ་བཟང་རྡོ་རྗེ་ལགས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་ཆེད་ལས་མིག་ནད་ཚད་ཁག་གི་སྨན་བཅོས་ཚོགས་པས་དེ་གར་མིག་ནད་ཚན་ཁག་གིས་མིག་ནད་སྨན་བཅོས་བྱེད་བཞིན་པ་ཐོས་རྗེས་རྒྱ་ཚ་རྫོང་ལོག་གླེན་ཤང་ཞོལ་པ་གྲོང་ཚོ་ནས་རྫོང་མཁར་དུ་སླེབས་ཏེ་བརྟག་དཔྱད་བྱས་པ་རེད། 
པར་འདི་ནི་མིག་ནད་ཚན་ཁག་གིས་འོས་འགན་སྨན་བཅོས་ཀྱི་འདེམ་བཤེར་བྱེད་ཡུལ་ཡིན།
པར་འདི་ནི་མིག་ནད་ཚན་ཁག་གིས་འོས་འགན་སྨན་བཅོས་ཀྱི་འདེམ་བཤེར་བྱེད་ཡུལ་ཡིན།
              ཉིན་དེར། རྒྱ་ཚ་རྫོང་གི་ཡུལ་ཚོ་(གྲོང་རྡལ་)7གྱི་ཞིང་འབྲོག་མང་ཚོགས་ཀྱིས་དབྱི་ཁྲང་གྲོང་ཁྱེར་གྱི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་དབྱི་ཁྲང་ཧྭ་ཞ་མིག་ནད་ཚན་ཁག་གི་སྨན་ཁང་། རྒྱ་ཚ་རྫོང་མི་དམངས་སྨན་ཁང་བཅས་ཀྱིས་ཐུན་མོང་གིས་གྲོས་འགོ་བཏོན་པའི་“དྲིན་ཚོར་འོད་ཟེར་ལྡན་པའི་ལས། འོས་འགན་སྨན་བཅོས་རྒྱ་ཚར་བསྐྱོད”ཅེས་པའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཆེ་གྲས་དེ་རྒྱ་ཚ་རྫོང་མི་དམངས་སྨན་ཁང་དུ་སྤེལ་བས་ཕྱོགས་བཞི་མཚམས་བརྒྱད་ནས་མི་རྣམས་འཚང་ཁ་ཤིག་ཤིག་གིས་སླེབས། 
              སླད་མའི་ཉིན་འགའི་རིང་དབྱི་ཁྲང་ཧྭ་ཞ་མིག་ནད་ཚན་ཁག་སྨན་ཁང་གི་ཆེད་ལས་མིག་ནད་ཚན་ཁག་ནས་ཡིན་པའི་སྨན་པ་དག་གིས་རྒྱ་ཚ་རྫོང་གི་ཞིང་འབྲོག་མང་ཚོགས་600ལྷག་ཙམ་ལ་མིག་ནད་ཚན་ཁག་གི་འོས་འགན་སྨན་བཅོས་བྱེད་རྒྱུ་ཡིན་པ་མ་ཟད། ད་དུང་འདེམ་བཤེར་བརྒྱུད་རིམ་ཁྲོད་ནས་བྱུང་བའི་སྐྱ་གྲིབ་གཤགས་བཅོས་བྱེད་འོས་པ་རྣམས་ལ་གཤགས་བཅོས་བྱས་ནས་ཁོང་ཚོར་སླར་ཡང་འོད་སྣང་མཐོང་ཐུབ་པ་བྱ་རྒྱུ་རེད།
              རྒྱུས་ལོན་བྱུང་བ་ལྟར་ན། ཞིང་འབྲོག་མང་ཚོགས་ལ་དམིགས་པའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་འདི་རིགས་རྒྱ་ཚ་རྫོང་དུ་ཐེངས་མང་སྤེལ་མྱོང་བ་རེད།  དེ་ཡང་“ནད་གཞིས་རྐྱེན་པས་དབུལ་བོར་འགྱུར་བའམ་ཡང་བསྐྱར་དབུལ་བོར་འགྱུར་བའི”ཞིང་འབྲོག་མང་ཚོགས་ལ་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྒྱ་ཚ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁ་གཏད་བོད་སྐྱོར་ཐོན་ཁུངས་འོས་སྦྱོར་གྱིས་རྒྱུན་དུ་རིན་མེད་འོས་འགན་སྨན་བཅོས་བྱེད་པར་སྨན་སྐྱེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད། 
              2016ལོ་ནས་2019ལོའི་ལོ་སྟོད་བར། རྒྱ་ཚ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྩ་འཛུགས་བྱས་ནས་གྲོང་གསེབ་དུ་བསྐྱོད་དེ་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་ཐེངས་26ལྷག་ཙམ་སྤེལ་བ་དེར་ལམ་ཐག་སྤྱི་ལེ་2000ལྷག་ཙམ་ཟིན་པ་དང་། མི་ཐེངས་8000ལྷག་ལ་ཞབས་འདེགས་ཞུས་པ། རིན་མི་དགོས་པར་སྨན་སྐྱེལ་བ་སྒོར་ཁྲི་1.8ཙམ་བཏང་བ་བཅས་བྱས་པ་རེད། དེའི་ནང་2018ལོའི་ཟླ་5པར། རྒྱ་ཚ་རྫོང་འཕྲོད་བསྟན་བདེ་ཐང་ཨུ་ལྷན་གྱིས་སྒོར་ཁྲི་1.6ཙམ་བཏོན་ནས་བོད་སྐྱོར་ཆེད་མཁས་པ་དང་མངའ་ཁོངས་ཁུལ་གྱི་ཡུལ་ཚོ(གྲོང་རྡལ་)ཁག་གི་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་10ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཉིན་7སྤྱད་དེ་སྔ་རྗེས་སུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱ་ཡུལ་དང་ཡུལ་ཚོའམ་གྲོང་ཁག་དང་དེ་བཞིན་གནོད་འཚེ་ཕོག་པའི་ཞིང་འབྲོག་པའི་ཁྱིམ་དུ་རིན་མེད་སྨན་བཅོས་དང་སྨན་སྐྱེལ་བའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ་མི་སྒེར་གྱི་བདེ་ཐང་ཡིག་ཚགས་སླར་ཡང་ལེགས་སྒྲིག་ཐེངས་ཤིག་བྱས་པ་རེད།
              རིན་མེད་སྨན་བཅོས་དང་སྨན་སྐྱེལ་བའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ནི་རྒྱ་ཚ་རྫོང་གི་བདེ་ཐང་དབུལ་སྐྱོར་གྱི་ལས་དོན་གྲས་ཤིག་རེད། 2018ལོ་ནས་བཟུང་རྒྱ་ཚ་རྫོང་གིས་རྫོང་མི་དམངས་སྨན་ཁང་དུ་སྡོད་པའི་ནད་པ་ལས་ཐེམ་ཐོ་གནས་འདིའི་ཡིན་ལ་ཞིང་འབྲོག་མང་ཚོགས་ཀྱི་ནད་པ་ཡིན་པ་དེར་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཚང་མ་རྩིས་ཞུ་བྱས་པ་དང་། ལམ་ལུགས་དེས་ཞིང་འབྲོག་མང་ཚོགས་ནད་གཞིས་རྐྱེན་པས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་ཡོད།
              སྐལ་བཟང་རྡོ་རྗེ་ཡི་མིག་གཡས་པར་སྐྱ་འགྲིབ་ཕོག་པས་ན་ནིང་རྒྱ་ཚ་རྫོང་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱས་པ་རེད། “སྐབས་དེར་གཤགས་བཅོས་འགྲོ་གྲོན་ཚང་མ་རྩིས་ཞུ་བྱས་ཤིང་། ང་རང་གིས་སྨན་ཁང་དུ་བསྡད་པའི་སྨན་ཡོན་སྐར་གཅིག་ཀྱང་བྱིན་མེད།” སྨན་ཁང་དུ་བསྡད་པའི་སྨན་ཡོན་ཆ་ཚང་རྩིས་ཞུ་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་རིམ་པའི་སྨན་ཁང་དུ་ནད་ལྟ་བའི་གནད་དོན་ཐག་གཅོད་བྱ་ཆེད། 2018ལོའི་ཟླ་5པའི་ཚེས་1ཉིན་ནས་བཟུང་རྒྱ་ཚ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷོ་ཁ་གྲོང་ཁྱེར་བོད་སྨན་ཁང་། ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་བཅས་སྨན་ཁང་3ནས་སྨན་ཁང་དུ་སྡོད་པར“སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་ཞུ་བྱ་རྒྱུ”ལག་བསྟར་བྱས་པ་རེད། རྒྱ་ཚ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ལམ་ལུགས་འདི་ལག་བསྟར་བྱས་པ་དེས་ཞིང་འབྲོག་མང་ཚོགས་ཀྱི་ནད་ལ་བལྟ་དཀའ་བ་དང་ནད་ལ་བལྟ་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད་ཅེས་བཤད་པ་རེད། 
              འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། བདེ་ཐང་དབུལ་སྐྱོར་གྱི་ལས་དོན་སྤེལ་བ་ནས་བཟུང་རྒྱ་ཚ་རྫོང་གིས་བདེ་ཐང་དབུལ་སྐྱོར་ལས་དོན་དེ་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། སྲིད་ཇུས་དང་བྱ་ཐབས་འཐུས་ཚང་དུ་གཏོང་བ།  ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱེད་པ། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་རྫོང་འདིའི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་དབུལ་ཕོངས་མི་འབོར་ནད་ཀྱིས་རྐྱེན་པས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་ཐག་གཅོད་ཏན་ཏིག་དང་ནུས་ལྡན་བྱས་ཡོད་ཅེས་གསུངས།
འབྲེལ་ཡོད་རྩོམ་ཡིག