ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཕོ་བྲང་སེང་འབྲུག་སྟག་རྩེ་སྟེ། གེ་སར་རིག་གནས་ཀྱི་ཁྲིད་སྦྱོང་གནས་ཡུལ།

2019-08-06 འབྲུག་རྒྱལ་མཁར་གྱིས་བསྒྱུར།
པར་འདི་ནི་རྟ་རྒྱུག་གདན་འདྲེན་འགྲན་བསྡུར་རེད།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་7པའི་ཚེས་31ཉིན།  མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི་”ནུབ་བྱང་ལྗོངས་ཞིང་ལྔའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་གདན་འདྲེན་འགྲན་བསྡུར་དང་དར་ལག་རྫོང་སྐབས་བཞི་བའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་དུས་ཆེན་དེ་མཛེས་སྡུག་ལྡན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ནས་བདེ་བླག་ངང་མཇུག་སྒྲིལ།   ནུབ་བྱང་ལྗོངས་ཞིང་ལྔ་ནས་ཡོང་བའི་རྟ་རྒྱུག་འགྲན་མིས་ཁོ་ཚོའི་གཅེས་པའི་གྱི་ལིང་ཁྲིད་ནས་ཕུལ་དུ་བྱུང་བའི་རྟ་རྩལ་ངོམ་པ་རེད།   རྩྭ་ཐང་ན་ཆུང་ཕོ་མོའི་ཉམས་འགྱུར་ངོམ་པ་དང་མཉམ་དུ་དར་ལག་རྫོང་གི་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་མི་རྣམས་ལ་འོས་སྦྱོར་བྱས། 
             ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་ཀྱི་ངོ་མཚར་བཅངས་ནས།  གསར་འགོད་པས་ཟླ་8པའི་ཚེས་3ཉིན་མཛེས་སྡུག་ལྡན་པའི་དར་ལག་རྫོང་ལ་སླེབས་ནས་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེར་ཕྱིན། 
གེ་སར་རྒྱལ་པོ་དང་ཁོང་གི་གཡས་གཡོན་བློན་ཆེན་གྱི་འཇིམ་བརྙན། 
པར་འདི་ནི་གསར་དུ་བཞེངས་པའི་ཕོ་བྲང་སེང་འབྲུག་སྟག་རྩེ་རེད།
             གེ་སར་རྒྱལ་པོ་དང་ཁོང་གི་གཡས་གཡོན་བློན་ཆེན་གྱི་འཇིམ་བརྙན་དེ་ཕོ་བྲང་སེང་འབྲུག་སྟག་རྩེའི་སྒོ་མདུན་དུ་བརྗིད་ཉམས་ལྡན་པའི་ངང་བཞེངས་པ་དེ་མཐོང་འཕྲལ།  ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར་རྒྱལ་པོ》ཡི་ཁྲོད་ཀྱི་ཁོང་གི་ཕྱོགས་བཞིར་ཟིལ་ཤུགས་ངོམ་པ་དང་བདུད་དཔུང་གཉའ་ནས་གནོན་པའི་བྱ་གཞག་གི་བསྟོད་གླུ་དེ་དག་ཡིད་ལ་རང་དབང་མེད་པར་དྲན་འོང་།  གེ་སར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གཞིར་བཟུང་ན།   ཕོ་བྲང་སེང་འབྲུག་སྟག་རྩེ་ནི་གེ་སར་རྒྱལ་པོའི་ཕོ་བྲང་ཡིན་པ་མ་ཟད།  རྨ་ཡུལ་གླིང་གི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བའང་ཡིན།  ངག་རྒྱུན་ལ་ཕོ་བྲང་སེང་འབྲུག་སྟག་རྩེ་ནི་སེང་འབྲུག་ཆུང་ཆུང་མང་པོས་རྡོ་ཁྱེར་ཡོང་ནས་རྩིག་པ་བརྩིགས་པ་དང་།  གཉན་ཆེན་ཐང་ལྷའི་གཞི་བདག་ལྷ་སྟག་དང་ལྷ་འབྲུག་གིས་ཕོ་བྲང་གི་ཀླད་བཞེངས་པ་བཅས་ནས་གྲུབ་པར་བཤད་པས།  ཕོ་བྲང་དེའི་མིང་ལ་ཕོ་བྲང་སེང་འབྲུག་སྟག་རྩེ་ཞེས་གྲགས།
པར་འདི་ནི་ཕོ་བྲང་སེང་འབྲུག་སྟག་རྩེའི་འགྲམ་གྱི་བཙན་རྫོང་རེད།
པར་འདི་ནི་གེ་སར་རྒྱལ་པོའི་སྐུ་བརྙན་རེད།
             བོད་ཀྱི་སྲོལ་རྒྱུན་གྱི་འཛུགས་སྐྲུན་རྣམ་པའི་ཤིང་ཆ་ལས་གྲུབ་པའི་ཕོ་བྲང་སེང་འབྲུག་སྟག་རྩེ་ནི་བརྗིད་ཆགས་ཤིང་བརྟན་ཞིང་བརླིང་།   ཕོ་བྲང་གི་ཁང་པ་གཙོ་བོ་མང་ཆེ་བ་བཞེངས་ཚར་རུང་།   འོན་ཀྱང་གྲྭ་བཙུན་རྣམས་ཀྱིས་བཞེངས་པའི་ཕོ་བྲང་ཉམས་གསོ་བྱེད་པར་བདེ་བའི་ལས་ཁྲི་ད་དུང་བཞག་ཡོད།   ཕོ་བྲང་གི་ནང་དུ་གེ་སར་རྒྱལ་པོའི་སྐུ་བརྙན་དང་།  དཔའ་རྟུལ་སུམ་ཅུ།   དགྲ་བཅོམ་པ་བརྒྱད་ཅུ།  གེ་སར་རྫོང་ཁག་བཅོ་བརྒྱད་ཀྱི་ཐང་ག་སོགས་འགྲེམས་སྟོན་བྱས་ཡོད།  
པར་འདི་ནི་ཐོག་བརྩེགས་འོག་མའི་དཔའ་རྟུལ་སུམ་ཅུའི་འཇིམ་བརྙན་རེད།
པར་འདི་ནི་ཐོག་བརྩེགས་འོག་མའི་དཔའ་རྟུལ་སུམ་ཅུའི་འཇིམ་བརྙན་རེད།
པར་འདི་ནི་ཐོག་བརྩེགས་འོག་མའི་དཔའ་རྟུལ་སུམ་ཅུའི་འཇིམ་བརྙན་རེད།
             ཕོ་བྲང་སེང་འབྲུག་སྟག་རྩེ་ནི་གེ་སར་རིག་གནས་ཀྱི་ཁྲིད་སྦྱོང་གནས་ཡུལ་ཡིན་པར་མ་ཟད།  ལོ་རྒྱུས་དང་དམངས་སྲོལ་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཀྱང་རེད།   དེ་མ་ཟད་དེ་ནི་ད་དུང་བོད་ལུགས་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་གྱི་ཕྱོགས་བསྡུས་འགྲེམས་སྟོན་དང་།  མགོ་ལོག་ཁུལ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་བྱེད་སའི་གནས་གཞི་ཡང་ཡིན། 
             གེ་སར་རྒྱལ་པོ་ནི་བོད་རིགས་མང་ཚོགས་ཀྱི་སེམས་ཁོང་གི་འགྲན་ཟླ་བྲལ་བའི་དཔའ་བོ་ཞིག་རེད།  ཁོང་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་མང་པོ་མགོ་ལོག་གི་ས་ཁུལ་གང་སར་ཡོད།   རིག་གནས་ཀྱི་ཡིད་ཆེས་དར་སྤེལ་གཏོང་བའི་དེང་གི་དུས་འདིར།   གེ་སར་རིག་གནས་ཤུགས་ཆེན་པོས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་ཐུན་མོང་མ་ཡིན་པའི་དོན་སྙིང་གལ་ཆེན་ལྡན།   དེ་ནི་མི་རིགས་ཀྱི་རིག་གནས་ཡིན་ལ།   ཀྲུང་ཧྭ་རིག་གནས་ཀྱི་ཁོངས་གཏོགས་ཡིན།  དེའང་ཀྲུང་ཧྭ་ས་གཞི་ཆེན་པོར་འཚོ་ཞིང་གནས་པའི་མི་རིགས་ལྔ་དྲུག་གི་ཐུན་མོང་གི་རིག་གནས་རྒྱུ་ནོེར་རེད།
པར་འདི་ནི་གེ་སར་རྒྱལ་པོའི་ཐང་ག་རེད།
             རིག་གནས་རྟེན་རྫས་བཤམས་མཛོད་སྐོར་གྱི་ལེ་ཚན་ཆེན་མོ་《རྒྱལ་ཁབ་ཀྱི་གཅེས་ནོར》གྱི་ཚན་པ་གཉིས་པའི་ཁྲོད།  སི་ཁྲོན་རྟེན་རྫས་བཤམས་མཛོད་གླིང་གིས་གེ་སར་ཐང་ག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གར་སྟེགས་སུ་ཁྱེར་ནས་ཡོང་ཡོད།   གཟིགས་མོ་བ་རྣམས་ཀྱིས་གེ་སར་ཐང་གའི་རྒྱབ་ལོགས་ནས་གནས་པའི་བརྗིད་ཆགས་པའི་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་རྩོམ་རིང་མོར་ཧ་ལས་པ་དང་།   དེ་དང་མཉམ་དུ་རྒན་པོ་འཇམ་དཔལ་རྒྱ་མཚོས་མི་ཚེ་ཕྱེད་ཀའི་ལྷག་ལ་གེ་སར་རྒྱལ་པོའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྙིང་སྟོབས་ལ་སེམས་འགུལ་ཐེབས།  དེ་རིང་ང་ཕོ་བྲང་སེང་འབྲུག་སྟག་རྩེའི་ནང་དུ་ལངས་བསྡད་པའི་སྐབས་སུ།   མགོ་བོ་ཡར་དགྱེས་ནས་གེ་སར་རྒྱལ་པོའི་དཔའ་བོའི་བརྗིད་ཉམས་མཐོང་དུས།   ངའི་སེམས་སུ་མི་སྔར་ལས་མང་པོ་ཞིག་གིས་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་རྩོམ་རིང་མོར་རྒྱུས་མངའ་ཡོད་པ་དང་།  གེ་སར་རིག་གནས་རྒྱུད་འཛིན་བྱས་ནས། གེ་སར་གྱི་མཚན་སྙན་འཛམ་གླིང་དུ་ཁྱབ་ཐུབ་པའི་རེ་བས་ཁེངས།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག