ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་མགོན་པོ་བཀྲ་ཤིས་པདྨ་རྫོང་དུ་ཕེབས་ནས་བྱ་བར་བརྟག་ཞིབ་མཛུབ་སྟོན་གནང་།

2019-08-14 མཁར་བྱམས་ཡག
          ཟླ8པའི་ཚེས8ནས་ཚེས9ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་།ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་བོད་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་ཆོས་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དཔའ་ཕྱུག་དང་བཅས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དོན་འགྲུབ། ཁུལ་ཨུའི་རྒྱུན་ཨུ། པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྒྲོལ་མ་དོན་གྲུབ་དང་དེ་བཞིན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སྒྲོན་སྐྱབས། རྫོང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་ཚེ་རིང་དྲི་མེད་སོགས་པདྨ་རྫོང་གི་འབྲེལ་ཡོད་བློ་མཐུན་གྱིས་ཕེབས་རོགས་འོག་སྟག་མཁར་ཞང་དང་། ཐོན་ལས་གླིང་། ལྕགས་རི་ཐང་ཞང་སོགས་སུ་ཕེབས་ནས་བྱ་བར་རྟགས་ཞིབ་དང་མཛུབ་སྟོན་གནང་།
          སྟག་མཁར་ཤང་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་བཅས་པ་ཐོག་མར་སྔོན་གྱི་གསེར་ལས་ཀུང་སི་རུ་ཕེབས་ཏེ་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལ་ལྟ་ཞིབ་དང་། ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ནན་ཏན་གྱིས་ཉན་པ་མ་ཟད། ཁོང་གིས་གསེར་གཏེར་བསྐྱར་གསོའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། དེ་རྗེས་ཁོང་ཉིད་ལམ་ཆེན་སྡེ་བའི་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་གཞི་རིམ་ལས་བྱེད་པར་གཟིགས་ཞིབ་དང་འཚམས་འདྲི་གནང་བ་དང་། གཞུང་ལས་ཁང་སོ་སོའི་སྒྲིག་བཀོད་སྒྲིག་སྦྱོར་ལ་ལྟ་ཞིབ་གནང་བ། བྱ་བའི་རྩིས་ཁྲར་ལྟ་ཀློགས་བཅས་བྱས་ཏེ། འབྲོག་ཁྱིམ་ལ་དཔེ་ཁང་སྐྲུན་པ་དང་འབྲོག་ཁྱིམ་གྱི་ཆ་འཕྲིན་ཡིག་ཚགས་སོགས་ཀྱི་ལས་དོན་ལ་ཚད་མཐོ་པོས་གདེང་འཇོག་གནང་ལ། སྡེ་བ་རིམ་པར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱས་པ་ནི། མང་ཚོགས་ལ་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་པ་ཁོ་ན་མ་ཡིན་པར། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་དེ་བཞིན་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་། གཡུལ་ས་གཙོ་བོ་སྔར་ལས་ལྷག་པར་འདོན་སྤེལ་གང་ལེགས་དང་དྲང་ནུས་ཁྱབ་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་ཀྱིས་ད་དུང་ལམ་ཆེན་སྡེ་བར་འཚམས་འདྲིའི་མ་དངུལ་གནང་བ་མ་ཟད་ཁོང་ཚོར་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས་པ་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས་པའི་སྐུལ་མ་བཏང་བ་རེད། བར་སྐབས་སུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་ཞང་སྲིད་གཞུང་དུ་ཕེབས་ནས་ཞང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་བྱས་པ་དང་། ལས་བྱེད་ལས་བཟོ་པའི་སྡོད་ཁང་དང་ཟ་ཁང་། སྔོ་ཚལ་དྲོད་ཁང་སོགས་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་རེད།
          ཐོན་ལས་གླིང་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་བཅས་པ་པདྨ་རྫོང་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་ཁེ་ལས་ཁག་གིས་འགྲེམ་སྟོན་བྱས་པའི་ཐོན་རྫས་ལ་ལྟ་སྐོར་དང་། ཁེ་ལས་ཁག་གི་གཙོ་གཉེར་ཐོན་རྫས་དང་། གཉེར་སྐྱོང་བྱེད་སྟངས། དྲ་ཐོག་ནས་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲས་འདྲི་རྩད་བྱས་ཤིང་། འབྲེལ་ཡོད་འགན་འཁུར་བས་སྙན་ཞུ་བྱས་པའི་གློག་རྡུལ་ཚོང་དོན་ལས་སྟེགས་འཛུགས་སྐྲུན་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་།  ཁོང་གིས་གློག་རྡུལ་ཚོང་དོན་ལས་སྟེགས་གཉེར་སྐྱོང་གི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཟོ་བ་དང་། སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ། ཁྲོམ་རའི་གཙོ་ཁྲིད་དང་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གློག་རྡུལ་ཚོང་དོན་གོ་རིམ་ལྡན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། དུས་མཚུངས་སུ་རང་རྫོང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དྲིལ་བསྒྲགས་དང་ཕྱིར་ཚོང་ཡག་པོ་བྱས་ཏེ་ཐོན་རྫས་གསར་པ་སྔར་བས་གསར་སྤེལ་བྱེད་པ་དང་། པདྨའི་ཁྱད་ཆོས་ལྡན་པའི་ཚོང་རྟགས་བཟོས་ཏེ་སྙན་གྲགས་ཆེ་ཚད་དང་ཚོང་རར་ཁྱབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས།
          ལྕགས་རི་ཐང་ཤང་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་བཅས་པ་པདྨའི་དམར་དམག་ཆུ་ཚན་དུ་བསྐྱོད་དེ་ཆུ་ཚན་གྱི་ཆུ་ཐོན་གནས་ཚུལ་ལ་ལྟ་ཞིབ་དང་། ཆུ་ཚན་བེད་སྤྱོད་དོ་དམ་དང་སྲུང་སྐྱོབ་བྱས་ཚུལ་ལ་འདྲི་རྩད་བྱས་ཤིང་། ཆུ་ཚན་གྱི་ཐོན་ཁུངས་དྲིལ་བསྒྲགས་དང་། སྲུང་སྐྱོབ།ནུས་ལྡན་བེད་སྤྱོད། དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་མང་པོ་བཏོན། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་ནན་ཏན་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱུན་མཐུད་བེད་སྤྱོད་བྱ་རྒྱུ་དམིགས་འབེན་དུ་འཛིན་པ་དང་། དམར་དམག་ཆུ་ཚན་གྱི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་ཆུ་ཚན་གྱི་ཆུའི་ཐོན་ཁུངས་དམངས་ཕན་ཡོང་བ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
 
རྩོམ་སྒྲིག་པ། རྡོ་རྗེ།
འབྲེལ་ཡོད་རྩོམ་ཡིག