ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཡུལ་སྐོར་བ་བསུ།

2019-08-15
            ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་རིག་གནས་འཕེལ་རྒྱས་གཏོང་རིང་། སྲུང་སྐྱོང་རྒྱུན་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་ནང་དོན་གདམ་གསེས་བྱེད་པ། གླིང་ཁ་གཏོང་བའི་དམངས་སྲོལ་དང་བོད་ཀྱི་རིག་གནས་འབྱུང་གནས་ཟུང་འབྲེལ་དམ་ཟབ་བྱེད་པ། སྣ་མང་ཕུན་སུམ་ཚོགས་པ་དང་ཞུགས་མཁན་མང་བའི་གླིང་ཁ་གཏོང་བའི་བྱེད་སྒོ་བསྟུད་མར་སྤེལ་བ་བཅས་བྱས་པས་ཡུལ་སྐོར་བ་མང་པོ་བོད་ཀྱི་དམངས་སྲོལ་རིག་གནས་ཉམས་ལེན་ནང་ཞུགས་རྒྱུའི་ཡིད་དབང་འཕྲོག་པ་དང་འབྲེལ་རིག་གནས་ཡུལ་སྐོར་གྱི་སྐར་ཁུང་གསར་པ་བཏོད་ཡོད་ཅིང་། འདི་ནི་ཡུལ་སྐོར་བས་སྣེ་གདོང་ཆུས་ཀྱི་གླིང་ཁའི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་སྐབས་གཉིས་པའི་ནང་བོད་ཡིག་ཡིག་གཟུཌ་སྦྱོང་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག