ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་སུ་རྒྱལ་ཡོངས་དང་དུས་གཅིག་ཏུ་མི་དམངས་ཤོག་སྒོར་གསར་པ་བཀྲམ་འདུག

2019-09-02
        ཟླ་8ཚེས་30ཉིན་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་དུས་གཅིག་ཏུ་2019ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཐེངས་ལྔ་པའི་སྒོར་50དང་། སྒོར་20 སྒོར་10 སྒོར་1བཅས་དང་དེ་བཞིན་ཊམ་དངུལ་སྒོར་1དང་ཧྥིན་5ཧྥིན་1བཅས་དངོས་སུ་འགྲེམས་སྤེལ་བྱས་པ་རེད། 
        ད་རེས་འགྲེམས་སྤེལ་བྱས་པའི་ཤོག་སྒོར་དང་ཊམ་དངུལ་ལ་ད་ལྟ་འགྲོ་རྒྱུག་བྱེད་མུས་ཀྱི་མི་དམངས་ཤོག་སྒོར་གྱི་རི་མོ་གཙོ་བོ་དང་ཇུས་འགོད་བྱེད་སྟངས་འགྱུར་བ་མ་བཏང་བའི་རྨང་གཞིའི་ཐོག་དངུལ་ལོར(ཊམ་དངུལ)གྱི་བྱེད་ནུས་དང་རྫུན་འགོག་ཁྱད་ཆོས་དང་དེའི་བཀོད་པ་སོགས་ལེགས་སྒྲིག་བྱས་པ་དང་། དངུལ་ལོར་གྱི་ཚོན་མདངས་ཁ་གསལ་དུ་བཏང་བ། ཆ་ཤས་ཁག་གཅིག་གི་གྲུབ་ཆའི་བང་རིམ་ལེགས་སུ་དང་མངོན་གསལ་དོད་དུ་བཏང་བ། སྤྱི་ཡོངས་ཀྱི་རྫུན་འགོག་ནུས་པ་ལེགས་སུ་བཏང་བས། དེ་བས་མིག་ལ་མཛེས་པ་དང་། དབྱེ་བ་འབྱེད་བདེ་བ། ཁུངས་མཐུག་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། 
        ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཐབས་ཤེས་ཧུར་ཐག་བཙལ་བ་དང་བྱ་ཐབས་སྣ་མང་མཉམ་དུ་སྤྱད་ནས་ཤོག་སྒོར་གསར་པ་འགྲེམས་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་ཁག་ས་བབ་མཐོ་བ་དང་ལམ་ཐག་རིང་བར་མ་འཛེམས་པར་སྤྱི་ལེ་6600བསྐྱོད་ནས་པར་གཞི་གསར་པའི་མི་དམངས་ཤོག་སྒོར་རང་ལྗོངས་སུ་འགྲེམས་སྤེལ་དང་བཀོད་སྒྲིག་གི་ལས་དོན་ལེགས་གྲུབ་ཡག་པོ་བྱས་པ་མ་ཟད། སྔོན་ཚུད་ནས་པར་གཞི་གསར་པའི་མི་དམངས་ཤོག་སྒོར་ལ་དམིགས་ཏེ་དངུལ་ཁང་གི་དངུལ་སྨར་འཕྲུལ་ཆས་དང་ཡོ་བྱད་རིམ་སྤོར་རྩིས་ལེན་དང་དངུལ་ཁང་གི་དངུལ་སྨར་ལས་དོན་སྒྲུབ་མཁན་གསོ་སྦྱོང་བྱེད་པའི་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་ཀྱང་བྱས་ཡོད། 
        ད་བར་ཁོངས་གཏོགས་ཡོངས་ཀྱི་དངུལ་ཁང་གི་དངུལ་སྨར་ལས་དོན་སྒྲུབ་མཁན་4000ཙམ་ཁག་ཐེངས་གསུམ་ལ་བགོས་ནས་གསོ་སྦྱོང་ནང་ཞུགས་སུ་བཅུག་པ་དང་། ཁོངས་གཏོགས་ཡོངས་ཀྱི་དངུལ་སྨར་འཕྲུལ་ཆས་དང་ཡོ་བྱད་3100ལྷག་ཙམ་དང་དབྱེ་བཤེར་འཕྲུལ་ཆས་600ཙམ་རིམ་སྤོར་རྩིས་ལེན་གྱི་ལས་དོན་ལེགས་གྲུབ་ཟིན་པ་དང་ཆབས་ཅིག་ཁོངས་གཏོགས་ཡོངས་མཉམ་སྒུལ་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་གྱི་པར་གཞི་གསར་པའི་མི་དམངས་ཤོག་སྒོར་དྲིལ་བསྒྲགས་ལས་དོན་དུས་གཅིག་ཏུ་སྤེལ་ཡོད། 
        འགྲེམས་སྤེལ་ཉིན་མོའི་རྗེས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལས་དོན་ཁག་གི་བྱ་ཐབས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཁོངས་གཏོགས་ཡོངས་ཀྱི་དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིའི་ལས་གཉེར་བྱ་ཡུལ་དང་དེ་བཞིན་ཞིང་སྐྱོར་དངུལ་རྩའི་ཞབས་ཞུའི་ས་ཚིགས་གང་ལེགས་སྤྱད་དེ། རིགས་ཁག་གི་སྨྱན་སྦྱོར་ལས་སྟེགས་བརྒྱུད་དྲིལ་བསྒྲགས་གནད་སར་འབྱོར་བ་དང་། ཞབས་ཞུ་དམིགས་སར་སླེབས་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོས་པར་གཞི་གསར་པའི་མི་དམངས་ཤོག་སྒོར་ངོས་འཛིན་ཐུབ་ཚད་ཆེ་རུ་ཤུགས་ཆེན་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྔ་སྣུར་དུ་པར་གཞི་གསར་པའི་མི་དམངས་ཤོག་སྒོར་སྤྱོད་ཐུབ་པ་བྱུང་ཡོད།
རྩོམ་སྒྲིག་པ། རིན་སྒྲོལ།
འབྲེལ་ཡོད་རྩོམ་ཡིག