ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ནས་དངོས་སྒྲུབ་འཇོན་ཐང་ཆེ་རུ་བཏང་བ།

2019-09-09
—— རང་ལྗོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་བའི་ཕྱོགས་བསྡུས་སྒྲིལ་གླེང་དང་པོ།
              ལྗོངས་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཟླ་6ཚེས་10ཉིན་དངོས་སུ་སྤེལ་འགོ་ཚུགས་ཚུན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་བ་རེད། 
              བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོ་སྤེལ་ཐུབ་ཆེད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རིང་རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམིགས་ཏེ་སློབ་སྦྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ཡོད། བློ་མཐུན་ཝུའུ་དབྱིང་ཅེས“སྣེ་ཁྲིད་ཀྱི་ནུས་པ”འདོན་སྤེལ་དང་། 
              ཞིབ་འཇུག་འཆར་འགོད་དང་བཀོད་སྒྲིག་སྐུལ་གཏོང་གི་སྣེ་ཁྲིད་དེ་སྔ་རྗེས་སུ་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སོགས་འཚོགས་པ་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི“དམིགས་སར་འཁྱོལ་བ་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བའི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད། 
              བློ་རྩེ་གཅིག་སྒྲིམ་ངང་རང་སྦྱོང་བྱས་ཤིང་། མ་རྩོམ་ལྟ་བ་དང་། མ་ཡིག་སློབ་སྦྱོང་། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ཏེ《ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་རྣམ་བཤད་གལ་ཆེན་གཅེས་བཏུས》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》འདི་ཉིད་སྔས་འགྲམ་གྱི་དཔེ་དེབ་དང་རྟག་ཏུ་ལྟ་ཀློག་བྱེད་པའི་དཔེ་དེབ་བྱེད་ཀྱི་ཡོད། 
              ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་ཤིང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། ‘སྲུང་སྐྱོང་གཉིས’ཐུབ་པ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་སྲུང་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་བ”སོགས་ཀྱི་ཆེད་དོན་དྲུག་ལ་དམིགས་ཏེ་གཟའ་འཁོར་གཅིག་རིང་ཆེད་དོན་བགྲོ་གླེང་བྱས་ཡོད། བློ་མཐུན་ཝུའུ་དབྱིང་ཅེས་སྣེ་ཁྲིད་དེ་སྤེལ་རེས་གཏམ་བཤད་གནང་བ་དང་ཚན་ཁག་གི་ཁོངས་མི་ཚང་མས་གཏམ་བཤད་གསུམ་ནས་ལྔ་བར་གནང་བ་མ་ཟད། ཕན་ཚུན་བློ་སྒོ་འབྱེད་པ་དང་མཉམ་དུ་སློབ་སྦྱོང་དང་ཡར་རྒྱས་ཡོང་བ་བྱས་ཡོད། 
              སློབ་གསོ་གསར་གཏོད་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། གཏན་འབེབས་བྱ་སྤྱོད་དོན་འཁྱོལ་ནན་ཏན་བྱས་ནས་རང་འདེམས་བྱ་སྤྱོད་གསར་གཏོད་ལ་གཙིགས་ཆེན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཏན་ཏིག་ངང་ཆེ་རུ་བཏང་ཡོད། སློབ་སྦྱོང་སློབ་གསོའི་བྱེད་སྒོའི་ཐོག་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཙོ་གནད་དུ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་ངང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་འདི་ཉིད་སློབ་སྦྱོང་གི་ནང་དོན་གཙོ་བོར་བརྩིས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ཡོད། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་གཏིང་ཟབ་སྤེལ་ཆེད་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་པ་དང་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་བོད་དམག་ཁུལ་གྱི་དམག་དོན་ལོ་རྒྱུས་ཁང་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད། 
              མི་སྒེར་གྱི་རང་སྦྱོང་དང་། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཆེད་དོན་ཟུར་ཁྲིད། སྤེལ་རེས་བགྲོ་གླེང་སོགས་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དེ་བས་གཏིང་ཟབ་པའི་ངོས་འཛིན་ཐུབ་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲིད་སྐྱོང་འདུ་ཤེས་དང་། རྒྱལ་སྐྱོང་མཛད་ཇུས། གསར་གཏོད་ལག་ལེན་བཅས་ཐད་དེ་བས་རང་རྟོགས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཐད་དེ་བས་གཏིང་ཟབ་པའི་ཤེས་རྟོགས་བྱུང་བ། བོད་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླར་འགྱུར་ལྡོག་བྱུང་མིན་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་། འགོ་འཛུགས་ས་དང་དོན་ལ་བབས་སའི་ཐད་དེ་བས་གནད་སྨིན་ཁོང་དུ་ཆུད་པ་བཅས་ལས་བསམ་བློའི་གོ་རྟོགས་སྔར་བས་མཐོ་རུ་ཕྱིན་པ་དང་། ཕུགས་བསམ་གྱི་དད་སེམས་བརྟན་དུ་ཕྱིན་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱུང་ཡོད། ཏང་ཡོན་ལས་བྱེད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་མི་བཤིག་རྡོ་རྗེའི་བསམ་པའི་ཀ་རྟེན་དང་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཁྲིད་སྟོན་བྱེད་པའི་རྩ་འཛིན་དང་། དར་ཆ། བླ་སྲོག་བཅས་དང་། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་རྒྱུན་མཐུད་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་བཅས་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག