ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མངགས་བཅོལ་བློ་ལ་བཅངས་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

2019-09-29
འདི་ནི་ཉེ་ཆར་བོད་ལྗོངས་མི་རིགས་སློབ་ཆེན་གྱིས“ང་དང་ངའི་མེས་རྒྱལ”ཞེས་པའི་དམག་སྦྱོང་སྙན་སེང་ཚོགས་ཆེན་འཚོགས་བཞིན་པ།
             2018ལོ་ནི་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཟླ་10ཚེས་15ཉིན་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ལོ་ངོ་60རིང་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་དང་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད།
             སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་དེར་དམ་པོར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། སློབ་གསོ་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སློབ་གྲྭའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད། 
             “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན”གསོ་སྐྱོང་ཏན་ཏིག་བྱས་པ།
             ཟླ་དགུ་པར་སློབ་གླིང་དུ་སྟོན་ཆར་ཞིག་བབས་ནས་སྤང་སྔོ་ཐིང་ངེར་གནས་པ་དང་། ཉིན་དགུང་གི་ཟ་མ་བཟས་རྗེས། ནོར་དཔལ་སློབ་གླིང་གི་གཞུང་ལས་ཁང་ཞིག་ནང་རྒན་ལི་ཕིང་གིས་ན་གཞོན་གཅིག་དང་གླེང་མོ་བྱེད་བཞིན་འདུག ཁོང་གིས་འཛིན་གྲྭ་ལྔ་ཡི་འཛིན་གྲྭའི་ཀྲུའུ་རེན་བྱས་ཤིང་། བོད་རིགས་དགེ་རྒན་ཞིག་ཡིན་པའི་ལི་ཕིང་གིས་ལོ་མང་རིང་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་བསྒྲུབས་པས་བསམ་བློ་ཆབ་སྲིད་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། 
             གསར་བརྗེའི་ས་བོན་ལྡན་པའི་མཐོ་སློབ་དེར་རྒན་ལི་ཕིང་ལགས་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་བསམ་བློ་ཆབ་སྲིད་ལས་དོན་སྒྲུབ་མཁས་པའི་དགེ་རྒན་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། 
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལོ་གཅིག་སོང་རིང་། བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དུས་རབས་གསར་པར་མི་དམངས་བློ་ཡིད་ཚིམ་པའི་སློབ་ཆེན་ཡག་པོ་གཉེར་རྒྱུ་དང་། ཤེས་ལྡན་མི་སྣའི་གསོ་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་དང་འཐབ་ཇུས་ཀྱི་ཁྲིད་སྟོན་ལ་བརྩིས་ནས། སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་སྐད་ཆ་ཤོད་དབང་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དྲིལ་བསྒྲགས་བསམ་བློའི་འཐབ་སའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན”གསོ་སྐྱོང་ནན་ཏན་བྱས་ཡོད། 
             འདི་ལོ་རྒན་ཁང་ལུང་ལི་ཡི་ལས་དོན་གལ་ཆེན་ཞིག་ནི། ལིའུ་ཧྥང་དང་ལེང་ཐན་གྱིས་ས་མཐོའི་མི་ཚོགས་ཀྱི་རྒྱུ་ལམ་འབུ་ཕྲའི་ཞིབ་འཇུག་གྲུབ་འབྲས་ཀྱི་འབྲེལ་ཡོད་དཔྱད་རྩོམ་ལ་མཛུབ་ཁྲིད་བྱ་རྒྱུ་དེ་རེད། ད་ཆ་དཔྱད་རྩོམ་དེ་ཕྱི་རྒྱལ་གྱི་སྐད་གྲགས་ཡོད་པའི་སྒྲིག་གཞི་ཞིག་གིས་ཞིབ་དཔྱད་བྱེད་བཞིན་ཡོད། ཚན་ཞིབ་གྲུབ་འབྲས་དེར་ཐང་གཤོངས་ནས་མཐོ་སྒང་བར་གྱི་མི་ཚོགས་ཀྱི་རྒྱུ་ལམ་བདེ་ཐང་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད། 
             ལོ་20ལྷག་ཙམ་རིང་གི་ཞིབ་འཇུག་ཉམས་མྱོང་ལས། བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་པུའུ་རུ་མི་ཁྲི་8ཀྱི་རྒྱུད་པའི་ཐོན་ཁུངས་ཀྱི་མ་དཔེའི་མཛོད་བཙུགས་ཡོད་ཅིང་། ད་ཕན་ལོ་ཤས་རིང་། ཚན་རྩལ་པུའུ་དང་རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་འོག བོད་ལྗོངས་མི་རིགས་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་མཉམ་ལས་བྱས་ཏེ་མཚོ་བོད་ས་མཐོའི་མིའི་རིགས་རྒྱུད་པའི་མ་དཔེའི་མཛོད་བཙུགས་ཡོད། མིའི་རིགས་ཀྱི་རྒྱུད་པའི་གཞི་རྒྱུར་ཞིབ་འཇུག་བྱ་རྒྱུ་དེ་ནི་དུས་རབས་ཉེར་གཅིག་པའི་སྐྱེ་དངོས་རིག་པ་དང་མིའི་རིགས་ཀྱི་རིག་པ་སོགས་རིག་ཚན་ཞིབ་འཇུག་མང་པོའི་ཁྲོད་ཀྱི་རྩེར་སོན་ཞིབ་འཇུག་རྣམ་གྲངས་ཞིག་ཡིན་པས། མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གཏིང་ཟབ་ལྡན་ཡོད། 
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལོ་གཅིག་སོང་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་སློབ་གསོར་སྐུལ་འདེད་གཏོང་རྒྱུ་དེ་བོད་ཀྱི་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་ལ་ཞབས་འདེགས་དང་། སྒུལ་ནུས་བརྗེ་བའི་འཕེལ་རྒྱས་ཀྱི་རྩ་བའི་དགོས་མཁོ། ཉེར་སྤྱོད་དང་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་ལྡོག་མེད་བླང་བྱར་བརྩིས་པ་མ་ཟད། སློབ་གྲྭའི་ཕྱི་ནང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སློབ་ཁང་གི་སློབ་ཁྲིད་དང་། རང་བརྟེན་སློབ་སྦྱོང་། ལག་ལེན་དང་ཟུང་འབྲེལ། མཛུབ་ཁྲིད་རོགས་རམ། རིག་གནས་ལ་ཁྲིད་སྟོན་བཅས་གཞི་གཅིག་ཅན་གྱི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བར་བརྟེན། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་གཏོད་ལས་ཞུགས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་སྟེ་གཅིག་གྱུར་འགོ་ཁྲིད་དང་། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྒོ་དབྱེ་མཉམ་ལས། ཕྱོགས་མང་ཞུགས་པ་བཅས་ཀྱི་གསར་གཏོད་ལས་གཏོད་ཀྱི་གསོ་སྐྱོང་རྣམ་པ་གྲུབ་པ་དང་འབྲེལ། “བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”གསོ་སྐྱོང་ཧུར་ཐག་བྱས་ཡོད། 
             “མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར”སྲུང་སྐྱོང་གང་ཐུབ་བྱས་པ། 
             བོད་ལྗོངས་མི་རིགས་སློབ་གྲྭར་ཉལ་ཁང་6334ཡི་སྐོར་གླེང་སྐབས། དགེ་སློབ་ཚོའི་ཁྲོད་མ་ཤེས་མཁན་གཅིག་ཀྱང་མེད། ཉལ་ཁང་དེར་བོད་ལྗོངས་དང་། ཡུན་ནན། ཁྲུང་ཆིང་། ཧོ་ནན་བཅས་ཀྱི་སློབ་མ་བུ་མོ་6ཡོད་ཅིང་། མི་རིགས་ཞིབ་འཇུག་ཁང་དུ་ལོ་རྒྱུས་དང་རྩོམ་རིག་ཆེད་ལས་སྦྱོང་བཞིན་ཡོད་པའི་ཁོ་ཚོ་ནི་བོད་རིགས་དང་། ཝ་རིགས། མེའོ་རིགས། རྒྱ་རིགས་བཅས་མི་རིགས་བཞི་ལས་གྲུབ་པ་ཞིག་རེད། 
             བོད་རིགས་སློབ་གྲོགས་ཀྱིས་ཁོ་ཚོར་བོད་ཡིག་འབྲི་སྟངས་སློབ་པ་དང་། མེའོ་རིགས་ཀྱི་སློབ་གྲོགས་ཀྱིས་གློག་ཀླད་ཕྱེ་ནས་ཚང་མ་དང་མཉམ་དུ་གློག་ཀླད་མཉམ་སྤྱོད་བྱེད་པ། རྒྱ་རིགས་སློབ་གྲོགས་ཀྱིས་ཁོ་ཚོར་དབྱིན་ཡིག་སློབ་པ་སོགས་བྱེད་ཀྱི་ཡོད། 
             6334མི་རིགས་མཐུན་སྒྲིལ་ཉལ་ཁང་གི་གཏམ་རྒྱུད་དེ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོའི་ཁྲོད་ཀྱི་ཆ་ཤས་ཤིག་རེད། ནང་སར་གཉེར་བའི་མི་རིགས་མཐོ་སློབ་ཅིག་ཡིན་པའི་བོད་ལྗོངས་མི་རིགས་སློབ་ཆེན་ལ་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་ཡུན་རིང་ལྡན་ཡོད། 
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལོ་གཅིག་སོང་རིང་། སློབ་གྲྭས“མི་རིགས་མཐུན་སྒྲིལ་སློབ་གསོའི་འདུ་འགོད”དེ་འདུ་འགོད་ཆེན་པོ་དྲུག་འཕེལ་རྒྱས་གཏོང་བའི་གྲས་སུ་བཞག་ཅིང་། ཏང་ཨུད་ཀྱི་ཧྲུའུ་ཅི་ངོ་མས་དམ་འཛིན་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་ཆེད་དུ་དམ་འཛིན། རིམ་ཁག་སྡེ་ཚན་གྱིས་མཉམ་དུ་དམ་འཛིན་བཅས་ཀྱི་རྣམ་པ་གྲུབ་པ་དང་། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དྲིལ་བསྒྲགས་ཟླ་བ་དམ་འཛིན་བྱ་གཞིར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཙོ་རྐང་དུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཙོ་གནད་དུ་བྱེད་པ་བཅས་སློབ་གྲྭར་རིག་གནས་ཀྱི་རྣམ་པ་འཁྲུག་པ་དང་། སློབ་ཚན་དང་སློབ་གསེང་དུ་གྲོས་བསྡུར་འཁྲུག་པོ་བྱེད་པ། སློབ་གྲྭའི་ཕྱི་ནང་གཞོགས་འདེགས་བཅས་བྱེད་པའི་རྣམ་པ་གྲུབ་ནས“མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར”སྲུང་སྐྱོང་གང་ལེགས་བྱས་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག