ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ནས་མཇུག་སྒྲིལ།

2019-09-29 བདེ་སྐྱིད་སྒྲོལ་མ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་9པའི་ཚེས་27ཉིན་གྱི་ཕྱི་དྲོ།པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་སྐྲུན་ལེགས་པར་གྲུབ་པའི་དཔེ་ཕུད་ཀྱི་མཚོ་སྔོན་ས་ཆའི་འགྲེམ་སྤེལ་མཛད་སྒོའི་མཇུག་བསྡུའི་ཚོགས་འདུ་དེ་ཟི་ལིང་ཅ་རེ་ཝང་ཁྲའོ་མགྲོན་ཁང་དུ་སྤེལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་མཇུག་བསྡུའི་གཙོ་སྐྱོང་གནང་། 
 འདི་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་གསུངས་བཤད་གནང་བཞིན་པ།
      ཚོགས་འདུའི་ཐོག།  ཚོགས་ཆུང་གཉིས་ཀྱི་གཙོ་སྐྱོང་འཐུས་མི་སོ་སོས་ཉིན་གཅིག་རིང་གི་“པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་སྐྲུན་ལེགས་པར་གྲུབ་པའི་དཔེ་ཕུད་ཀྱི་མཚོ་སྔོན་ས་ཆའི་འགྲེམ་སྤེལ་མཛད་སྒོ”དང་ཚོགས་ཆུང་སོ་སོའི་རིག་གཞུང་བགྲོ་གླེང་གི་མཇུག་བསྡོམས་སྙན་ཞུ་གནང་བ་རེད། 
ཚོགས་ཆུང་དང་པོའི་གཙོ་སྐྱོང་པའི་འཐུས་ཚབ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ།ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་རྡོ་ཕྲུག་གིས་ཚོགས་ཆུང་དང་པོའི་གཙོ་སྐྱོང་པའི་ཚབ་ཞུས་ནས་མཇུག་བསྡོམས་སྙན་ཞུ་གནང་བཞིན་པ།
ཀྲུང་གོའི་བོད་རིག་པ་ཞིབ་མཇུག་ལྟེ་གནས་ཆོས་ལུགས་ཞིབ་མཇུག་ཁང་གི་ཞིབ་མཇུག་པ་ཆེན་མོ་བདེ་སྐྱིད་སྒྲོན་མས་ཚོགས་ཆུང་གཉིས་པའི་གཙོ་སྐྱོང་པའི་ཚབ་ཞུས་ནས་མཇུག་བསྡོམས་སྙན་ཞུ་གནང་བཞིན་པ།
     ཚོགས་འདུའི་ཐོག མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོས་མཇུག་བསྡུའི་གཏམ་སྤེལ་གནང་བ་དང་ཁོང་གིས་“ད་རེས་ཀྱི་ཚོགས་འདུར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཞིབ་འཇུག་ཐད་ཀྱི་མཁས་པ་མང་པོ་ཞིག་འདི་རུ་འཛོམས་རྒྱུའི་བསྐལ་བ་བཟང་པོ་ཐོབ་ཡོད་ལ། ཕྱིས་སུ་འདིར་ཞུགས་མཁས་པ་རྣམ་གྱིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཞིབ་འཇུག་གི་བྱ་བ་དེ་མཐུན་མོང་གི་ལས་འགན་ཞིག་དུ་བརྩི་རྒྱུའི་རེ་བ་ཡོད་”ཞེས་གསུངས། 
     རྒྱུས་ལོན་བྱས་པ་ལྟར་ན།  སླད་ཕྱིན་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གིས་འདིར་ཞུགས་མཁས་པ་རྣམས་དང་བགྲོ་གླེང་དང་བསམ་འཆར་བསྡུ་ལེན་བྱས་ནས་ཕྱིས་སུ་པཎ་ཆེན་ཞིབ་འཇུག་གླིང་གི་གདན་ཞུའི་དགེ་རྒན་བྱེད་རྒྱུའི་རེ་བ་དང་འཆར་གཞི་ཡོད། 
 
མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོས་མཇུག་བསྡུའི་གཏམ་སྤེལ་བཞིན་པ།
མཇུག་བསྡུའི་ཚོགས་འདུའི་ཡུལ་དངོས།
མཇུག་བསྡུའི་ཚོགས་འདུའི་ཡུལ་དངོས།
འབྲེལ་ཡོད་རྩོམ་ཡིག