ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ས་བབ་མཐོ་ལ་ཆུ་ཚད་ལེགས་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམ་སྟོན་ཆེན་མོ་སྐབས་བཅུ་གཉིས་པ་འགོ་ཚུགས་ཡོད།

2019-10-09 པདྨ་ཚེ་རིང་གིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “འདི་ནི་ང་རང་བོད་ལྗོངས་སུ་ཡོང་ཐེངས་དང་པོ་ཡིན་ལ་རྒྱལ་སྟོན་དུས་ཆེན་གྱི་ཉིན་བདུན་ལ་མཚོན་ན་ཅུང་བྲེལ་བ་ཆེ་བས་ས་ཆ་མང་པོ་ཞིག་ལ་འགྲོ་མ་ཐུབ་ཀྱང་ཐེངས་འདིའི་པར་ལེན་འགྲེམ་སྟོན་ལ་ལྟ་ཐུབ་པ་དངོས་ནས་དགའ་པོ་བྱུང་། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས་དག་འདི་ལྟར་རོལ་མྱོང་བྱེད་པའང་རིན་ཐང་ཧ་ཅང་ཆེ།” ཨན་ཧའེ་ནས་ཡིན་པའི་སྐུ་ཞབས་ལིའུ་ལགས་ཀྱིས་“བོད་ལྗོངས་ཀྱི་ཡུལ་མཛེས་ལ་མི་ཡང་མཛེས་ཤིང་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་ཡང་ཧ་ཅང་མཛེས”ཞེས་བཤད། 
རི་མོ་ནི་གྲོང་མིས་པར་ལེན་བརྩམས་ཆོས་མདུན་ནས་པར་སྐྱོན་བཞིན་པ་ཡིན།
              ཟླ་10པའི་ཚེས་4ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྩེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར་60ལོན་པའི་བརྗོད་དོན་པར་ལེན་འགྲེམ་སྟོན་ཆེན་པོ་བསྒྲུབས་པས་ཡུལ་སྐོར་བ་དང་གྲོང་མི་མང་པོའི་ཡིད་དབང་བཀུགས།  མི་རྣམས་ཀྱིས་ཚ་གདུག་ཆེན་པོའི་ཁྲོད་ནས་རྩེར་སོན་གྱི་བརྩམས་ཆོས་རེ་རེ་ལ་ལྟ་བཞིན་ལག་ཁྱེར་ཁ་པར་ནང་པར་བསྐྱོན་ནས་དྲན་རྟེན་དུ་ཉར་བཞིན་འདུག  
རི་མོ་ནི་བུ་མོ་ཆུང་ཆུང་ཞིག་དང་ཁྱིམ་བདག་ཅིག་གིས་ཁྲེན་ཙུང་ལེ་ཡི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་དུས་སྐབས་ཀྱི་པར་ལེན་བརྩམས་ཆོས་ལ་ལྟ་བཞིན་ཡོད།
              ཐེངས་འདིའི་“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམ་སྟོན་ཆེན་མོ་སྐབས་བཅུ་གཉིས་པ”དེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་པས་བོད་རང་སྐྱོང་ལྗོངས་ཕྱི་ནང་གི་པར་མཁས་དང་པར་ལེན་མོས་པ་ཅན་200ལྷག་ཙམ་གྱིས་བདམས་སྐྱེལ་བྱས་པའི་པར་ལེན་བརྩམས་ཆོས་ཁྱོན་བསྡོམས་10000ལྷག་ཙམ་འབྱོར་ཡོད་པ་རེད།
རི་མོ་ནི་ཡུལ་སྐོར་བས་གནམ་མཚོའི་སྐོར་གྱི་པར་ལེན་བརྩམས་ཆོས་ལ་ལྟ་བ་ཡིན།
              བརྩམས་ཆོས་400ཙམ་འགྲེམ་སྟོན་བྱས་པ་བོད་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་དམངས་སྲོལ་རིག་གནས། རང་བྱུང་མཛེས་ལྗོངས་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར་60ལོན་པའི་རིང་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་ཆེན་རྣམས་འགྲེམ་སྟོན་བྱས་ཤིང་། དེས་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་ལ།  བོད་ལྗོངས་མི་དམངས་ཀྱི་སེམས་ཀྱི་མྱོང་བ་དང་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་རྣམས་ཀྱང་མཚོན་ཐུབ་པ་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའང་མངོན་པར་མཚོན།
རི་མོ་ནི་པར་ལེན་པ་ནོར་བུ་བཀྲ་ཤིས་ཀྱི་བརྩམས་ཆོས་《གྱང་ངོས་ཀྱི་འཛུམ་རིས》ཞེས་པ་དེ་ཡིན།
              རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་པར་ལེན་འགྲེམ་སྟོན་ཆེན་མོ་འདི་ཟླ་10པའི་ཚེས་4ཉིན་ནས་ཟླ་10པའི་ཚེས་10ཉིན་བར་གཉེར་རྒྱུ་ཡིན་པ་དང་གྲོང་མི་ཚོས་རིན་མེད་ངང་བལྟ་ཆོག་པ་རེད།
འབྲེལ་ཡོད་རྩོམ་ཡིག