ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྟ་ན་སྡུག་པའི་སྟོན་དུས་ཀྱི་ཡར་ཀླུང་གཙང་འགྲམ།

2019-10-11
             ཉེ་བའི་ལོ་ཤས་རིང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྔོ་འགྱུར་འདུ་ཤེས་རིམ་བཞིན་ཟབ་ཏུ་སོང་བ་དང་སྦྲགས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཉིན་རེ་བཞིན་ཆེ་རུ་དང་སྟུག་ཏུ་སོང་ནས་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད། སྟོན་དུས་སུ། ཡར་ཀླུང་གཙང་འགྲམ་གྱི་སྦྱར་པ་དང་རྒྱ་ལྕང་སོགས་ཀྱི་ལྗོན་ཤིང་གི་ལོ་འདབ་རིམ་བཞིན་སེར་པོར་གྱུར་ཏེ་ཚོན་མདོག་རྣམ་པར་བཀྲ་བ་དང་ཡར་ཀླུང་གཙང་འགྲམ་གྱི་འགོག་སྲུང་ནགས་དེ་ཉིད་མཛེས་སྡུག་ལྡན་པའི་སྣོད་བཅུད་མཛེས་ལྗོངས་ཁྱམས་རིང་ཞིག་ཏུ་གྱུར་ཡོད། 
འདི་ནི་ཡར་ཀླུང་གཙང་འགྲམ་གྱི་འགོག་སྲུང་ནགས་ལྷོ་ཁ་དུམ་བུའི་ཡར་ལྷ་ཤམ་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་ཁུལ་ཡིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག