ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མེས་རྒྱལ་གྱི་གཏེར་གཞོང་། ། ངོ་མཚར་བའི་ཚ་འདམ། །

2019-11-05 རིན་ཆེན། བདེ་སྒྲོལ། རིག་གྲོལ།
མཚོ་ནུབ་ཀྱི་མཛེས་སྡུག་རྒྱལ་ས་ནས་ངོམ་པ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་11པའི་ཚེས་3ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་70འཁོར་བའི་སྐབས་ཏེ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་དུས་འདིར། ཚང་མ་མཉམ་དུ་འཛོམས་ནས། པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ“མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་གི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན།”ལས་མཚོ་ནུབ་ཀྱི་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། 
མཚོ་ནུབ་ཁུལ་གྱི་བརྗོད་དོན་དྲིལ་སྒྲོག་གི་ཡུལ་དངོས།
           ཐེངས་འདིའི་བྱེད་སྒོའི་སྟེང་རང་རེའི་ཁུལ་དུ་ཕྱག་ལས་གནང་མྱོང་བའི་འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ། ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བཅས་གདན་འདྲེན་ཞུས་ཡོད་ཅིང་། བསྡོམས་མི་200ལྷག་འགྲེམས་སྟོན་ལ་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་མེང་ཧའེ་ལགས་ཀྱིས་ཤིས་ཚིག་ཕུལ་ཞིང་། ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མཱ་ཞིན་ལགས་ཀྱིས་འགྲེམས་སྟོན་གཙོ་སྐྱོང་མཛད།
ཁུལ་དཔོན་མེང་ཧའེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
           མེང་ཧའེ་ཡིས་ཤིས་ཚིག་གསུང་སྐབས“ཁུལ་དབུ་བརྙེས་པ་ནས་བཟུང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་དྲོན་མོའི་འོག་དང་། ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་བའི་ཐུགས་ཁུར་དང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག  སྐབས་སོ་སོའི་མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་མི་རབས་ནས་མི་རབས་བར་མཚོ་ནུབ་ཀྱི་རིགས་སོ་སོའི་བུ་རབས་ཚ་རྒྱུད་ཀྱི་སྣེ་ཁྲིད་དེ། རྟག་ཏུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་བཞིན། ཏང་དང་མཉམ་དུ་བསྐྱོད་ནས། མཉམ་དུ་དཀའ་སྤྱད་འབད་བརྩོན་དང་། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་པ་དང་། ཡར་ཐོན་ལྷུར་ལེན་གྱི་ལོ་རྒྱུས་དུས་རིམ་བརྒལ་བས། ཚ་འདམ་གཞོང་གི་ས་ཆེན་པོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
 
འཁྲབ་སྟོན་པ་རྣམས་ཀྱིས་འདིར་ཞུགས་འགོ་ཁྲིད་རྣམས་ལ་མཇལ་དར་སྒྲོན་པ།
           2018ལོར། ཁུལ་ཡོངས་ཀྱི་ཐོན་ལས་སྤྱི་འབོར་སྒོར་དུང་ཕྱུར་625ལ་སླེབས་ཤིང་། དེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་སྐབས་དང་བསྡུར་ན་ལྡབ་86འཕར་ཡོད ། ཁུལ་ཡོངས་ཀྱི་རྒྱུ་ཤུགས་སྒོར་དུང་ཕྱུར་157ལ་སླེབས་ཡོད་ཅིང་། ཐོག་མའི་སྐབས་དང་བསྡུར་ན་ལྡབ་188འཕར་ཡོད ། སྤྱི་ཚོགས་བརྟན་འཇགས་མ་དངུལ་ལྡབ་162འཕར་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ ལྡབ་42འཕར་ཡོད ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར་ལྡབ་123འཕར་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་27772ལ་སླེབས་ནས་ལྡབ་81འཕར་ཡོད་པས། རྒྱལ་ཡོངས་ཀྱི་བོད་ཁུལ་ཡོངས་ལས་ཐོག་མར་ཁུལ་ཡོངས་རྫོགས་དབུལ་ཐར་བྱེད་པ་མངོན་འགྱུར་བྱུང་ཡོད། གཟི་བརྗིད་ལྡན་པའི་གྲུབ་འབྲས་འདི་དག་ནི། ཚ་འདམ་གཞོང་གི་གསར་གཏོད་འཛུགས་སྐྲུན་མཁན་དག་གིས་ཕངས་སེམས་མེད་པར་བློས་བཏང་བའི་མཇུག་འབྲས་ཡིན་ཞིང་། རིམ་པ་སོ་སོའི་འགོ་ཁྲིད་དག་དང་ལས་རིགས་སོ་སོའི་མི་རྣམས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པ་དང་ཁ་འབྲལ་ཐབས་མེད། ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོར་མཚོ་ནུབ་ཀྱི་གྲུབ་འབྲས་ངོམ་པའི་ཐོབ་དཀའི་སྟེགས་བུ་ཞིག་ཡིན་ལ། མཚོ་ནུབ་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཀྱང་། ཐེངས་འདིའི་འགྲེམས་སྟོན་གྱི་གར་སྟེགས་འདི་དམ་འཛིན་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར། ། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་མཐའ་རུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས། སྤྲོ་སེམས་རབ་ཏུ་རྒྱས་ཤིང་། བློ་སྟོབས་མེ་དཔུང་འབར་བ་བཞིན། ཡིད་ཆེས་བརྟན་པོ་བཅངས་ཏེ། མཚོ་ནུབ་ཀྱི་དཔལ་འབྱོར་སྔར་ལས་དར་ཞིང་། སྤྱི་ཚོགས་སྔར་ལས་འཕེལ་བ་དང་། མི་རིགས་སྔར་ལས་མཐུན་པ། རིག་གནས་སྔར་ལས་རྒྱས་པ། རི་ཆུ་སྔར་ལས་མཛེས་པ། མི་དམངས་སྔར་ལས་སྐྱིད་པ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་བསྟན། 
མཚོ་ནུབ་ཁུལ་གྱི་བརྗོད་དོན་དྲིལ་སྒྲོག་གི་ཡུལ་དངོས།
འགོ་ཁྲིད་རྣམས་ཀྱིས་ཡུལ་སྐོར་དྲིལ་སྒྲོག་བརྙན་ཐུང་ལ་གཟིགས་བཞིན་པ།
           འགྲེམས་སྟོན་བྱེད་སྒོའི་སྟེང་གདན་ཞུ་བྱས་པའི་འགོ་ཁྲིད་རྒན་པ་དང་། མཚོ་ནུབ་ལ་ཐུགས་ཁུར་དང་མཚོ་ནུབ་ལ་རོགས་རམ་བྱེད་པའི་རྒྱལ་ཁབ་ཀྱི་པུའུ་ཨུའི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་རྣམས་ཀྱིས་མཚོ་ནུབ་ཁུལ་གྱི་དྲིལ་སྒྲོག་བརྙན་ཐུང་དང་གྲུབ་འབྲས་འགྲེམས་སྟོན། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་ལ་གཟིགས་རྗེས། སྨྲ་བསམ་བརྗོད་འདས་ཀྱི་ཚོར་སྣང་མང་པོ་ངམ་ངམ་ཤུགས་ཀྱིས་སྐྱེས་ཞིང་། ལོ་ངོ་བཅུ་ཕྲག་གི་སྔོན་དང་བསྡུར་ན་མཚོ་ནུབ་ལ་གཞན་གྱི་མིག་དབང་འཕྲོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བྱུང་ཞིང་། དེ་ནི་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་མཚོ་ནུབ་ཀྱི་རིགས་སོ་སོའི་མི་རྣམས་ཀྱིས་ཐུན་མོང་གི་འབད་བརྩོན་དང་འབྲལ་ཐབས་མེད་ཅིང་། མ་འོངས་པར་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་དང་རོགས་རམ་བྱེད་པའི་འདོད་ཚུལ་བསྟན།
འཁྲབ་སྟོན་བྱེད་སྒོའི་ཡུལ་དངོས།
འཁྲབ་སྟོན་བྱེད་སྒོའི་ཡུལ་དངོས།
མཛེས་སྡུག་ཡིད་དུ་འོང་བའི་བོད་ལྭ།
           བརྗོད་དོན་ཉིན་མོའི་སྐབས་སུ་ད་དུང“ངོ་མཚར་བའི་ཚ་འདམ་གཏེར་གཞོང་དུ་བསྐྱོད་པ”ཞེས་པ་བརྗོད་དོན་དུ་བྱས་པའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་བསྡུས་ཤིང་། ཡུལ་སྐོར་དྲིལ་སྒྲོག་བརྙན་ཐུང་དང་རིག་རྩལ་འཁྲབ་སྟོན། ཡུལ་སྐོར་དྲིལ་སྒྲོག་ལག་དེབ་སྤྲོད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་ཐབས་བརྒྱུད་ནས་རང་རེའི་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ངོ་སྤྲོད་བྱས་ཏེ ། ནམ་མཁའ་གཡའ་དག་ཅིང་། ས་གཞི་རྡུལ་དག་པ། མི་ལ་འཇོན་ཐང་ལྡན་ཞིང་ས་ལ་དགེ་བཅུ་ཚང་བ། མི་རིགས་མཐུན་སྒྲིལ་ཆེ་བའི་མཚོ་ནུབ་གསར་བའི་ཟིལ་ཤུགས་ངོམ་པས། ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ་མང་པོའི་སྤྲོ་སྣང་དང་དོ་ཁུར་ཆེན་པོ་ཐོབ་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།
འབྲེལ་ཡོད་རྩོམ་ཡིག