ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ལིན་ཀྲེང་གཡོས་ཨེ་དང་མཇལ་འཕྲད་གནང་བ།

2019-11-05
          སྤྱི་ཚེས་བཞི་ཉིན་གྱི་དགོང་མོ། ཧྲང་ཧའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་གཉིས་པར་ཞུགས་པར་ཕེབས་པའི་ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོས་ཨེ་དང་མཇལ་འཕྲད་གནང་ཡོད།
          ལིན་ཀྲེང་གཡོས་ཨེས་ཤང་ཀང་གི་ཉེ་དུས་གནས་བབ་སྐོར་སྙན་སེང་ཞུས་པར་གསན་བསྒྲུབས་རྗེས། ཞི་ཅིན་ཕིང་གིས། ཤང་ཀང་དུ་སྲོལ་ཡིག་བཟོ་བཅོས་ཟིང་ཆ་ལངས་ནས་ཟླ་བ་ལྔ་ལྷག་སོང་ཟིན། ཁྱེད་ནས་དམིགས་གསལ་སྲིད་འཛིན་ཁུལ་གྱི་སྣེ་ཁྲིད་དེ་རང་འགན་གཙང་སྒྲུབ་དང་། འབད་པ་ཆེན་པོས་གནས་བབ་ཚོད་འཛིན། སྤྱི་ཚོགས་རྣམ་པ་ལེགས་བཅོས་བྱེད་པའི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཀྲུང་དབྱང་ནས་ཁྱེད་ལ་ཚད་མཐོའི་ཡིད་ཆེས་བྱེད་བཞིན་ཡོད་ལ། ཁྱེད་རང་གི་དོ་དམ་བཅོས་སྐྱོང་རུ་ཁག་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱེད་བཞིན་ཡོད། ཟིང་ཆ་གཏན་འགོག་དང་། སྒྲིག་ལམ་སླར་གསོ་བྱ་རྒྱུ་ནི་སྔར་བཞིན་ཤང་ཀང་གི་མིག་སྔའི་ཆེས་གལ་འགངས་ཆེ་བའི་ལས་འགན་ཞིག་རེད། ཁྲིམས་ལྟར་གཏུམ་སྤྱོད་བྱ་སྤྱོད་གཏན་འགོག་དང་དེར་ཆད་པ་གཅོད་རྒྱུ་ནི་ཤང་ཀང་གི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་སྲུང་སྐྱོབ་བྱས་པ་ཞིག་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། དུས་མཚུངས། སྤྱི་ཚོགས་ལས་རིགས་ཁག་དང་གླེང་མོལ་བྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་མཐའ་ཅིག་ཏུ་བྱེད་དགོས་པ་དང་། བློ་སེམས་གཅིག་སྒྲིལ་གྱི་སྒོ་ནས་ཤང་ཀང་གི་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་གནང་ཡོད།
          ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲེ། ཝང་དབྱི། ཀྲའོ་ཁེ་ཀྲི་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ། 
འབྲེལ་ཡོད་རྩོམ་ཡིག