ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་མཛེས་རྩལ་ཀུན་བཏུས།

2019-11-06
            ༼བོད་ཀྱི་མཛེས་རྩལ་ཀུན་བཏུས༽ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས་༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན། འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ།བཟོ་བཀོད། ལག་ཤེས་སྒྱུ་རྩལ།ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ།། 
           དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས། འབུར་བརྐོས་སྒྱུ་རྩལ་གྱི་སྐོར་ལས་འབྲི་ཆུའི་ལྷོ་རྒྱུད་ཀྱི་འབུར་བརྐོས་ཞེས་པའི་དེབ་དེ་རེད།  འདིར་བོད་བརྒྱུད་ནང་བསྟན་གྱི་འབུར་བརྐོས་བཟོ་རྩལ་དང་འབྲེལ་བ་ཟབ་པའི་ཧང་ཀྲོའུ་ཕྱོགས་ཀྱི་ཡན་ཞོའོ་ཕུག་པ་དང་འཕུར་འོང་རི་བོ། རིན་གྲུབ་དགོན་བཅས་སུ་ཡོད་པའི་དགྲ་བཅོམ་གནས་བརྟན་གྱི་རྡོ་བརྐོས་དང།  འབྲི་ཆུའི་ལྷོ་རྒྱུད་དུ་ཉར་པའི་དངོས་རྫས་རྩ་ཆེན་དང་པར་ཤིང་རི་མོ་བཅས་བཀོད་པའོ། །
           དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར་གྱི་ཆབ་མདོའི་ཐང་ག་ཞེས་པ་དེ་ཡིན། འདིར་ཁམས་ཆབ་མདོའི་ཕྱོགས་སུ་དར་ཁྱབ་ཆེ་བའི་བལ་ལུགས་དང་། བྱིའུ་སྒང་པའི་ལུགས། སྨན་རྙིང་ལུགས། ཁམས་སྨན་གསར། ཀརྨ་སྒར་བྲིས་སོགས་རི་མོའི་ལུགས་ལས་མཚོན་བྱེད་རང་བཞིན་ལྡན་པའི་ཐང་ག་རྣམས་བཀོད་ཡོད།
           དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར་གྱི་སི་ཁྲོན་ལྡེབས་རིས༼༡༽ཞེས་པ་དེ་ཡིན། འདིར་སྤྲོ་སྣང་དང་གྲོང་མགོ། ས་བདེ། ཁྲོད་རྒྱུད། ཨ་བརྒྱ་སྟོད་བཅས་ཀྱི་རྡོ་མཁར་མཆོད་ཁང་ནང་གི་ལྡེབས་རིས་རྣམས་བཀོད་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག