ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ལག་གདང་སྦྲེལ”ནས་ལེ་དབར་སྟོང་གི་སར་དྲོ་སྐྱིད་སྦྱིན་པ།

2019-11-08 པད་མ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་ཆུས་ལུའུ་ཐའེ་སློབ་འབྲིང་ལྔ་པའི་གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སློབ་འབྲིང་དུ་སྤེལ་བ་རེད། གོ་འཇོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་གོ་འཇོ་རྫོང་སློབ་འབྲིང་གི་དགེ་སློབ་ཡོངས།  ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་དགེ་རྒན་ཁག་དགུ་པ་བཅས་མཉམ་གཅིག་ཏུ་ཐེངས་འདིའི་གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་པ་རེད།
འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་རེད།  
        འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ་ཚོས་གོ་འཇོ་རྫོང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ། ཐེན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་དང་། ཉིང་ཧོ་ཆུས་ལུའུ་ཐའེ་སློབ་འབྲིང་ལྔ་པ་དང་དེ་བཞིན་གོ་འཇོ་རྫོང་སློབ་འབྲིང་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་རེད།
        ཐེངས་འདིའི་ཞལ་འདེབས་བྱེད་སྒོའི་ནང་། གོ་འཇོ་རྫོང་སློབ་འབྲིང་ལ“ལག་གདང་སྦྲེལ”ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་ཁུངས་ཏེ། ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་ཆུས་ལུའུ་ཐའེ་སློབ་འབྲིང་ལྔ་པའི་དགེ་སློབ་ཚོས་དཔེ་དེབ་དང་། སློབ་སྦྱོང་མཁོ་ཆས་སྒམ་34དང་། གྱོན་ཆས་ཁུག་མ་32བཅས་ཞལ་འདེབས་གནངས་ཤིང་། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་གསར་ཁུལ་གྱི་ཁུལ་ཨུའི་ཏང་གི་སློབ་གྲྭའི་2019ལོའི་ཐེངས་གསུམ་པའི་ན་གཞོན་ལས་བྱེད་འཛིན་གྲྭའི་ཁོངས་མི་ཡོངས་ཀྱིས་སྲིང་བལ་ཞྭ་མོ་དང་། ལག་ཤུབས། སྐེ་དཀྲིས་ཆ་160ཞལ་འདེབས་བརྒྱབ་པ་དང་། དེ་སྔར་གོ་འཇོ་རྫོང་སློབ་འབྲིང་དུ་ལས་ཀ་བྱེད་མྱོང་བའི་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་དགེ་རྒན་ཁག་བརྒྱད་པས་སློབ་མ་ཚོར་གྱོན་ཆས་དང་ལག་ཤུབས་ཆ60ལྷག་ཞལ་འདེབས་སུ་ཕུལ་བ་རེད།
འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་རེད།
        ཐེངས་འདིའི་བྱེད་སྒོ་བརྒྱུད། ས་ཁུལ་གཉིས་ཀྱི་སློབ་གྲྭ་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་བའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཧུར་ཐག་སྒོས་ས་གནས་གཉིས་ཀྱི་དགེ་རྒན་དཔུང་སྡེ་གསོ་སྦྱོང་དང་།ཕན་ཚུན་ལ་སློབ་སྦྱོང་དང་འཚམས་འདྲི་བྱེད་པ། སློབ་གསོ་འཕེལ་རྒྱས་ཐད་ཉམས་མྱོང་བརྗེ་རེས་བྱེད་པ་བཅས་ལ་སྐུལ་འདེད་ཆེན་པོ་བཏང་བས། སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་རྒྱ་དང་བོད་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཚོར་བ་ཟབ་མོ་སྐྱེས་སུ་བཅུག
འབྲེལ་ཡོད་རྩོམ་ཡིག