ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ས་འོག་ལྕཊ་ལམ་རབས་གསར་བར་ཁ་ལོ་བ་མེད་པའི་ཚོད་ལྟ་ལེགས་འགྲུབ་བྱུང་བ།

2019-11-11
ཀྲུང་གོའི་རིག་ནུསBརྟགས་ཅན་གྱི་ས་འོག་ལྕགས་ལམ་རབས་གསར་བར་ཁ་ལོ་བ་མེད་པའི་ཚོད་ལྟ་ལེགས་འགྲུབ་བྱུང་།
            (中车唐山公司)ཀྲུང་ཁྲེ་ཐང་ཧྲན་ཀུང་སིས་ཞིབ་བཟོ་བྱས་པའི་རིག་ནུསBརྟགས་ཅན་གྱི་ས་འོག་ལྕགས་ལམ་མེ་འཁོར་རབས་གསར་པ་དེ་སྤྱི་ཟླ11ཚེས7ཉིན་ཚོད་ལྟའི་ལམ་ཐིག་སྟེང་ཁ་ལོ་བ་མེད་པའི་རྣམ་པའི་སྟེང་ནས་བརྟན་པོའི་ངང་འཁོར་སྐྱོད་བྱས་ཤིང་། གཏན་ཁེལ་གྱི་གནས་གཞི་འབབ་ཚུགས་སུ་བརྟན་པོར་བསྡད་ནས། གནས་ངེས་མེ་འཁོར་འཇོག་ཞིབ་ཚད2cmཟིན་ཏེ། ཁ་ལོ་བ་མེད་པའི་ཚོད་ལྟ་ལེགས་འགྲུབ་བྱུང་། རིག་ནུས་ས་འོག་ལྕགས་ལམ་དེ་ནི་སྔར་ལས་རིག་ནུས་མཐོ་བ་དང་། མྱུར་ཚད་མགྱོགས་པ། ནུས་རྒྱུ་ཟད་གྲོན་ཆུང་བ། སྐྱིད་སྣང་དོད་པ་སོགས་ཀྱི་ལག་རྩལ་འགག་སྒྲོལ་རབ་དང་རིམ་པ་བྱས་པ་བརྒྱུད། “རིག་ནུས་བཟོ་སྐྲུན”དང་། “རིག་ནུས་འགྲིམ་འགྲུལ”“རིག་ནུས་གྲོང་ཁྱེར”བཅས་ཀྱི་སྤྱི་འདུས་ཤིག་ཏུ་གྱུར་ནས། “ཀྲུང་གོའི་རིག་ནུས་བཟོ་སྐྲུན”གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་གྱི་དངོས་ཤུགས་དང་ཉམས་འགྱུར་ཁྱོན་ཡོངས་ནས་མངོན་པ་རེད།
ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་ས་འོག་མེ་འཁོར།
ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་ས་འོག་མེ་འཁོར།
ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་ས་འོག་མེ་འཁོར་གྱི་ནང་ཁུལ།
ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་ས་འོག་མེ་འཁོར།
རྩོམ་སྒྲིག་པ། སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག