ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

གངས་ལྗོངས་སྙན་ངག་གྱེར་འདོན། ལྷ་སའི་མཚན་མོ། བོད་ལྗོངས་ ལོ་བརྒལ་སྙན་ངག་འདུ་ཚོགས་སྐབས་ཐོག་མས་སྙན་ངག་ལ་བརྟེན་ནས་ལོ་གསར་བ་བསུ་བ།

2020-01-03 འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ནི་སྙན་ངག་གི་ཕ་ས་དང་།  གླུ་དབྱངས་ཀྱི་ཞིང་ས་ཡིན། བོད་ལྗོངས་ཀྱི་མང་ཚོགས་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལོ་གསར་བསུ་བའི་རིག་གནས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་ཆེད། 2019ལོའི་ཟླ་12པའི་ཚེས་31ཉིན་གྱི་དགོང་མོར་བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མཛུབ་སྟོན་བྱས་པ་དང་། 《གངས་ལྗོངས་ཤོན་དབྱངས》《སྐལ་བཟང་མེ་ཏོག་བཞད》ཅེས་པས་གཙོ་སྒྲུབ་མཛད་པའི་“གངས་ལྗོངས་སྙན་ངག་གྱེར་འདོན། ལྷ་སའི་མཚན་མོ། 2019—2020བོད་ལྗོངས་ལོ་བརྒལ་སྙན་ངག་འདུ་ཚོགས་སྐབས་ཐོག་མ”དེ་ལྷ་ས་གྲོང་ཁྱེར་ནས་སྤེལ་བ་རེད།
ལོ་བརྒལ་སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
           ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་དྲུག་ཅུའི་རིང་གི་གངས་ལྗོངས་ས་མཐོའི་ཕུལ་བྱུང་གི་སྙན་ངག་དང་རིག་རྩལ་བརྩམས་ཆོས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་སྙན་ངག་བརྩམས་ཆོས་དང་གསུང་རབ་བརྩམས་ཆོས་བདམས་ནས་“སྙན་ངག་ལ་བརྟེན་ནས་ལོ་གསར་བ་བསུ”ཞེས་པའི་སྙན་ངག་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་སྒྲོམ་གཞིའི་ནང་འཇུག་པ། གྱེར་འདོན་དང་དེ་བཞིན་ཡུལ་དངོས་སུ་བོད་ལྗོངས་ཀྱི་མཛེས་སྡུག་ལ་བསྟོད་གླུ་འབུལ་རེས་བྱེད་པ་བཅས་བརྒྱུད་དེ་མང་ཚོགས་ལ་སྙན་ངག་དང་བསྟོད་གླུའི་འགུག་ཤུགས་མྱོང་ཐུབ་པར་བྱས་ལ་སྙན་ངག་གི་སྒྱུ་རྩལ་དང་སེམས་ཁམས་ཀྱི་མཛེས་སྡུག དེ་བཞིན་འབྱུང་འགྱུར་གྱི་རེ་སྨོན་བཅས་ལ་བརྟེན་ནས་ལོ་གསར་པ་བསུ་བའི་ཆེད་དུ་ཡང་ཡིན།
ལོ་བརྒལ་སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
ལོ་བརྒལ་སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
           ངོ་སྤྲོད་བྱས་པར་གཞིགས་ན། སྙན་ངག་འདུ་ཚོགས་ཀྱི་རྣམ་པའི་ཐོག་ནས་ལོ་གསར་བ་བརྒལ་བ་ནི་བོད་ལྗོངས་ལ་མཚོན་ན་ཐེངས་དང་པོ་རེད། སྙན་ངག་གི་རྣམ་པའི་ཐོག་ནས་མང་ཚོགས་དང་མཉམ་དུ་ལོ་གསར་ལ་རྟེན་འབྲེལ་ཞུ་བ་འདི་ནི་བོད་ལྗོངས་ཀྱི་སྙན་ངག་དང་སྙན་ངག་ལ་དགའ་པོ་བྱེད་མཁན་ཚོགས་པའི་ནང་དུ་ཐུན་མོང་གིས་ངོས་འཛིན་ལེགས་པོ་བྱས་པ་དང་ཆབས་ཅིག་བྱེད་སྒོ་འདི་དང་ནན་ཅིང་ཧུའེ་མིང་དཔེ་ཀློག་འདུ་ཚོགས་ཀྱིས་གཉེར་བའི“སྐབས་དྲུག་པའི་ནན་ཅིང་ལོ་བརྒལ་སྙན་ངག་འདུ་ཚོགས”ཀྱིས་མཉམ་དུ་ཡུལ་དངོས་ནས་འབྲེལ་བ་བྱས་ཏེ། ཐག་རིང་ནན་ཅིང་དུ་ཡོད་པའི་སྙན་ངག་རྩོམ་པ་པོ་དང་སྙན་ངག་ལ་དགའ་པོ་བྱེད་མཁན་ཚོར་གངས་ལྗོངས་ས་མཐོའི་སྙན་ངག་གི་ཉམས་འགྱུར་ཟབ་མོ་ཉམས་སུ་མྱོང་དུ་བཅུག
ལོ་བརྒལ་སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
           བྱེད་སྒོའི་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ལ། དེའི་ནང་ཞུགས་མཁན་མི་གྲངས་བརྒྱ་ལ་ཉེ་བ་ཡོད། བྱེད་སྒོ་དེ་ཚན་པ་བཞི་རུ་དགར་ཡོད་དེ། “གངས་ལྗོངས་དཔྱིད་དཔལ་ཀྱི་ཕྱོགས་སུ་འཕུར་བ།”ཞེས་པའི་ཚན་པར་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་སྙན་ངག་པ་དང་ཀློག་པ་པོ་རྣམས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྙན་ངག་གྱེར་འདོན་བྱས་ཤིང་། 《ཆིན་ཡོན་གླིང་གའི་དཔྱིད་དཔལ•ཁ་བ》ཞེས་པ་དང་། 《ནཱ་མོ་ནོ་ཉིའི་ངག་རྒྱུན》《བོད་ལྗོངས་ཀྱི་ལེའུ་གསུམ》《བོད་ལྗོངས་ཀྱི་ཁ་བ》《ཕ་ཡུལ་དྲན་པ》སོགས་སྙན་ངག་བརྩམས་ཆོས་འདི་དག་གིས་ཚང་མའི་ཡིད་དབང་འཕྲོག་པར་བྱས།  “སྙན་ངག་གིས་ཁྱོད་དང་ང་ཡི་ལོ་ཟླ་འབོད་པ”ཞེས་པའི་ཚན་པར་སྙན་ངག་ལ་དགའ་པོ་བྱེད་མཁན་ཚོས་ཡུལ་དངོས་སུ་ཕན་ཚུན་བགྲོ་གླེང་བྱས་ལ། ལོ་གསར་བའི་ཅོང་སྒྲ་ཐོག་མར་གྲགས་པ་དང་བསྟུན་ནས་མཉམ་སྤྱོད་གླིང་སྣེའི་གྱེར་འདོན་གྱི་སྐབས་སུ། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་འཁྲུག་ཆ་དོད་པོའི་སྒོ་ནས་མཉམ་ཞུགས་བྱས་པ་དང་། རང་མོས་ངང་བསྟོད་གླུ་འབུལ་བ་དང་བོད་ཡིག་དང་རྒྱ་ཡིག་གི་སྙན་ངག་ཡག་ཤོས་བཅུ་གྲངས་གྱེར་འདོན་བྱས་ནས་མཉམ་དུ་ལོ་གསར་བ་བསུས།
ལོ་བརྒལ་སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
ལོ་བརྒལ་སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
           ཐེངས་འདིའི་བྱེད་སྒོའི་གཙོ་སྒྲུབ་པས་ད་དུང་ཡུལ་དངོས་ཀྱི་སྐུ་མགྲོན་རྣམ་པར་“གངས་ལྗོངས་ཀྱི་ཤོན་དབྱངས། སྐལ་བཟང་མེ་ཏོག་བཞད”ཅེས་པའི་ལས་སྟེགས་ཀྱིས་ལོ་གཅིག་གི་རིང་ལ་བོད་ཀྱི་སྙན་ངག་ཁྱབ་སྤེལ་དང་འཕེལ་རྒྱས་བཅས་ཀྱི་ཐད་ལ་འབད་པ་གསར་པ་བྱས་པའི་སྐོར་ངོ་སྤྲོད་གནང།
འབྲེལ་ཡོད་རྩོམ་ཡིག