ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་འདེམས་བསྐོའི་ཚོགས་ཆེན་འཚོགས་པ།

2020-01-15 འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པའི་ཚེས་13ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་200ལྷག་ཙམ་གྱིས་ཨུ་ཡོན་གྱི་འགན་འཁྲི་འཁུར་ནས་རྩ་ཆེའི་འདེམས་ཤོག་འཕངས་པ་རེད། ལིའུ་ལེའང་སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། སུན་ཝུན་པིན་སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། ཙོའུ་ཡུས་མིང་སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན་བྱུང་བ་དང་། ཡེ་ཤེས་ཤེས་རབ་སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་བཅས་ལ་བདམས་ཐོན་བྱུང་།  འདི་ནི་ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པའི་ཡུལ་དངོས་རེད།  
འདི་ནི་ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པའི་ཡུལ་དངོས་རེད།
འདི་ནི་ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པའི་ལས་མིས་འདེམས་ཤོག་སྤྲོད་པའི་རྣམ་པ་རེད།
འདི་ནི་ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པའི་ཡུལ་དངོས་སུ་སྲིད་གྲོས་ཨུ་ཡོན་གྱིས་འདེམས་ཤོག་འཕེན་པའི་རྣམ་པ་རེད།

འབྲེལ་ཡོད་རྩོམ་ཡིག