ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བྱ་ཐབས་ནུས་ལྡན་སྤྱད་དེ་ཁང་གླའི་གནོན་ཤུགས་ཆུང་དུ་བཏང་བ།

2020-07-09
 བོད་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་སླར་ཡང་ཕན་པ་ཐོབ་པ།
          ཉེ་ཆར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་གཞུང་རྒྱུ་ཨུ་ལྷན་སོགས་སྡེ་ཚན་7དང་མཉམ་འབྲེལ་བྱས་ཏེ《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་སྟེ་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཁང་གླའི་གནོན་ཤུགས་ཆུང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ནོར་ཁྲལ་གཟིགས་སྐྱོང་། དངུལ་རྩའི་རྒྱབ་སྐྱོར། སྡོད་ཁང་བོགས་གཏོང་སོགས་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་རོགས་སྐྱོར་བྱས་ནས་ཁང་གླའི་གནོན་ཤུགས་ཆུང་དུ་བཏང་བ་རེད།
          《ལག་བསྟར་ཇུས་གཞིའི》ནང་། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་གཏོང་སྤྲོད་དུས་འགྱངས་སྲིད་ཇུས་དེ་གཙོ་བོ་གཉེར་སྐྱོང་ཐད་དཀའ་ངལ་འཕྲད་པའི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད།
          རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པ་དང་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པའི་བཟའ་བཏུང་དང་། ཞག་སྡོད། ཡུལ་སྐོར། སློབ་གསོ་གསོ་སྦྱོང་། ཁྱིམ་ལས། གློག་བརྙན་ཁང་དང་ཟློས་གར་ཁང་། སྐྲ་བཞར་ཁང་སོགས་ལས་རིགས་ལ་སྔོན་ལ་རོགས་སྐྱོར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
          《ལག་བསྟར་ཇུས་གཞིའི》ནང་། གཞུང་ཁོངས་ཁང་པ་བོགས་མར་གླས་ནས་གཉེར་སྐྱོང་བྱེད་པ་དང་དཀའ་ངལ་འཕྲད་པའི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་ལོ་སྟོད་ཀྱི་ཟླ་3གྱི་ཁང་གླ་རྩ་ཆག་གཏོང་རྒྱུ་དང་། (བོགས་གཏོང་དུས་ཚོད་ཟླ་3མ་ཟིན་པར་ཡང་ཁ་གསབ་བྱ་རྒྱུ) བོད་ལྗོངས་ཀྱི་ཁོངས་གཏོགས་ནང་གི་ཀྲུང་དབྱང་ཁོངས་གཏོགས་ཀྱི་གཞུང་ཁོངས་སྡོད་ཁང་གླ་མཁན་ལ་གཏན་འབེབས་གཞིར་བཟུང་སྡོད་ཁང་གནས་ཡུལ་གྱིས་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པའི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཁང་གླར་རྒྱབ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། གཞུང་ཁོངས་ལ་མི་དབང་བའི་སྡོད་ཁང་གླས་ནས་ཚོང་གཉེར་བྱེད་པ་དང་དཀའ་ངལ་འཕྲད་པའི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་སྡོད་ཁང་བོགས་མར་གཏོང་མཁན་གྱིས་བོགས་མར་ལེན་མཁན་གྱི་དཀའ་ངལ་དངོས་ལ་བསམ་གཞིག་བྱས་ཏེ་ཕྱོགས་གཉིས་པོས་འདྲ་མཉམ་ངང་གྲོས་མོལ་བྱེད་པའི་རྨང་གཞིའི་ཐོག་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའམ་ཡང་ན་ཁ་གླ་ལེན་པའི་དུས་ཚོད་ནར་འགྱངས་བྱེད་རྒྱུའི་ལྕག་སྐུལ་བྱེད་དགོས་པ་བཏོན་ཡོད།
          《ལག་བསྟར་ཇུས་གཞིའི》ནང་། ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་ཡུལ་ལ་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཕྲན་ཚེགས་ཁེ་ལས་ཀྱི་གཟིགས་སྐྱོང་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། བོད་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་དཔྱ་ཁྲལ་གནས་སྐབས་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དང་རིན་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་རིན་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་བྲིན་ཚོང་གྲངས་འབོར་ཟླ་རེའི་བྲིན་ཚོང་དངུལ་སྒོར་ཁྲི་10ལས་མི་བརྒལ་བའི་རིགས་ལ(ཁྲལ་འཇལ་དུས་ཡུན་དུས་ཚིགས་1ཡིན་པ་དང་། དུས་ཚིགས་རེའི་བྲིན་ཚོང་དངུལ་སྒོར་ཁྲི་30ལས་མི་བརྒལ་བའི་རིགས)རིན་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་དང་། དམིགས་བསལ་དཀའ་ངལ་གྱིས་དུས་བཀག་ལྟར་ཁྲལ་འཇལ་མི་ཐུབ་པའི་ཁེ་ལས་ལ་ཁྲལ་འཇལ་དུས་ཚོད་ནར་འགྱངས་བྱས་ཏེ(རིང་ཤོས་ལ་ཟླ་3ལས་བརྒལ་མི་རུང་བ)བོགས་མ་གཏོད་མཁན་གྱི་ཁྲལ་འཇལ་ཁུར་པོ་ཡང་དུ་གཏོང་དགོས་པ་བཏོན་ཡོད།
འབྲེལ་ཡོད་རྩོམ་ཡིག