ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཁྲལ་དོན་གྱིས་རིག་སྤོབས་ཟུང་སྐྱོར་བྱས་ཏེ། ཞིང་འབྲོག་པར་མཚན་མོའི་སློབ་གྲྭ་བཙུགས་ནས་སློབ་ཁྲིད་བྱེད་འགོ་ཚུགས།

2020-07-09 པད་མ་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་ཆར་ལྷ་ས་གྲོང་ཁྱེར་སྦངས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་གློག་འོད་ཁྲལ་ཆིལ་ལེར་བཀར་ཡོད་ཅིང་། དེར་ཁྲལ་དོན་ལས་བྱེད་པ་ཞིག་གིས་སྒོ་སམ་གྱི་མདུན་དུ་ཞིང་འབྲོག་པར་སློབ་ཁྲིད་བྱེད་བཞིན་ཡོད། མ་གཞི་དེ་ནི་ལྷ་ས་གྲོང་ཁྱེར་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཉམ་འབྲེལ་བྱས་ཏེ་ནུས་ཤུགས་ཆེན་པོས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་གི་ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ”འཛུགས་སྐྱོང་བྱེད་བཞིན་ཡོད་པ་དང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་དང་། “3+1”གི་ཆེད་བསྐོས་ལས་བྱེད་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བཅས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་སྤེལ་བཞིན་ཡོད་པ་རེད།
འདི་ནི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་མིས་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ་རེད།
         གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་སྐད་གཉིས་ལས་བྱེད་པའི་དགེ་རྒན་བཀོད་སྒྲིག་བྱས་ཏེ་གཟའ་ཟླ་བ་ནས་གཟའ་པ་སངས་ཀྱི་དགོང་མོར་གྲོང་ཚོའི་ལས་བྱེད་པ་དང་། རྒྱ་ཆེའི་ཞིང་འབྲོག་པ་མང་ཚོགས་རྣམས་རྩ་འཛུགས་བྱས་ནས་གསོ་སྦྱོང་བྱེད་པ་དང་། སློབ་ཚན་བཀོད་སྒྲིག་བྱེད་སྐབས་ཆེད་དོན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་སོགས་ཡོད་པ་རེད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སེམས་རབ་ཏུ་རྒྱས་ཡོད། 
         གྲོང་མི་བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། “ལྷ་སའི་ཁྲལ་དོན་གྱི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོར་སློབ་སྦྱོང་གི་གོ་སྐབས་འདི་འདྲ་དཀོན་པོ་ཞིག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ཞིང་འབྲོག་མང་ཚོགས་ཀྱིས་མཚན་མོའི་སློབ་གྲྭ་བརྒྱུད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཐབས་རྩལ་ཁོང་དུ་ཆུད་པར་བཅུག་སྟེ། འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བས། སླད་ཕྱིན་ངས་སློབ་སྦྱོང་གི་གོ་སྐབས་འདིར་སྔར་བས་གཅེས་སྤྲས་དང་། སྐད་བརྡའི་རྩལ་ནུས་ཁོང་དུ་ཆུད་པ་བྱས་རྗེས་ཕྱི་རོལ་དུ་གླ་རྒྱག་པར་སོང་ནས་སྒོར་མོ་བཙལ་ཏེ། མགྱོགས་པོར་དབུལ་བྲལ་ཕྱུག་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད། 
         བཞད་མཐོང་སྨོན་རྫོང་དགོན་སྡེ་གྲོང་ཚོའི་ནང་དུ། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་དམིགས་ནས།  བསྟུད་མར་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཚན་ཇུས་འགོད་དང་། ལམ་ལུགས་ཀྱི་དོ་དམ་ཚད་ལྡན་དང་། སྤྱོད་གོ་ཆོད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཡོད་པས། གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པའི་ཏང་ཡོན་དང་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། 
         བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་གསོ་སྦྱོང་བྱེད་སྐབས་དོན་འཁྱོལ་ཞིབ་ཚགས་ཡོང་བ་བྱས་ཏེ། “ཉན་ཤེས་ཤིང་བཤད་ཤེས་པ་”དང་། “ཧ་གོ་མི་གོ་བ” “རྦད་དེ་ཧ་མི་གོ་བ་”བཅས་རིགས་གསུམ་དུ་ཕྱེས་ཏེ། སྣོད་བསྟུན་སློབ་ཁྲིད་བྱེད་པ་དང་། གཅིག་གིས་གཅིག་ལ་དངོས་སུ་ཁྲིད་ནས་རྒྱ་ཡིག་གི་རྨང་གཞི་དང་ཁ་སྐད་ཀྱི་བརྗོད་སྟངས་ལ་ཤུགས་སྣོན་བརྒྱབ་པ་རེད། སློབ་ཚན་སྤྱི་འདོམས་བྱེད་པ་དང་། སློབ་ཚན་གྱི་ནང་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཚོ་བགོས་ཀྱིས་འགྲེལ་བཤད་རྒྱག་པ་བཅས་བྱས་ནས་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་། ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་ལ་ཕན་འབྲས་ངེས་ཅན་ཞིག་ཐོབ་རྒྱུའི་འགན་ལེན་བྱས་པ་རེད། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་དངོས་སྤྱོད་ལ་དང་དོད་བྱས་ཏེ“ཉན་ཤེས་ཤིང་བཤད་ཤེས་པའི”སློབ་མ་བཞི་དང་། “ཧ་གོ་མི་གོ་བ”ཡི་སློབ་མ་བདུན།  “རྦད་དེ་ཧ་མི་གོ་བའི”སློབ་མ་ལྔ་བཅས་ལ་དམིགས་ནས“རིགས་དབྱེའི་སློབ་ཁྲིད”བྱས་པ་རེད། 
འདི་ནི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཚོགས་ཆུང་ཁག་བགོས་ཀྱིས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་པའི་རྣམ་པ་རེད།
         ཞིང་འབྲོག་པའི་མཚན་མོའི་སློབ་གྲྭའི་སློབ་སྦྱོང་གི་རྣམ་པ་ཟབ་མོ་ལྡན་ཞིང་། སློབ་མ་ཚོས་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་པ་དང་། ཧུར་ཐག་སྒོས་ཕན་ཚུན་དབར་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སྐལ་བཟང་བུ་ཁྲིད་ཀྱིས་བཤད་རྒྱུར། “ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ལས་དོན་སྤེལ་རྒྱུ་ནི་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ཞིང་། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་དང་དེ་ཁོང་དུ་ཆུད་པ་བྱས་པ་བརྒྱུད། མི་རིགས་ཕན་ཚུན་བར་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག་གྲོང་མིར་ལས་ཞུགས་རྩལ་ནུས་དེ་བས་མང་བ་ཁོང་དུ་ཆུད་པར་རོགས་རམ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་ཐུབ་ཡོད་པ་རེད”ཅེས་བཤད།
འབྲེལ་ཡོད་རྩོམ་ཡིག