ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

2020-07-10 པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་8ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལས་དོན་གནས་ཚུལ་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
          མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲོམ་རའི་ཆོག་འཐུས་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས།  དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གསར་གཏོད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཧུར་ཐག་བྱས་པ་རེད།
          ད་ལོར། བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་“སྔོན་ལ་ལས་གཉེར་ལག་ཁྱེར་དང་རྗེས་སུ་ལས་གཉེར་ཆོག་འཐུས་ཀྱི་ལག་ཁྱེར”དང་། “མ་རྩ་སྤྲོད་རྒྱུ་ཁས་ལེན་བྱེད་པའི་ལམ་ལུགས”“ཐོ་འགོད་དབང་ཚད་གཤམ་སྤྲོད་བྱེད་པ”སོགས་ཀྱི་སྒྱུར་བཅོས་དོན་ཚན་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག མུ་མཐུད་དུ“ལག་ཁྱེར་མང་པོ་གཅིག་ཏུ་སྒྲིལ་བ”དང་།“ལས་གཉེར་ལག་ཁྱེར་དང་ལས་གཉེར་ཆོག་འཐུས་ཀྱི་ལག་ཁྱེར་ལོགས་དབྱེ།”“ཁེ་ལས་ཀྱི་གཉེར་སྒྲུབ་དུས་ཚོད་ཐུང་དུ་གཏོང་བ།”“ཁེ་ལས་ཀྱི་མིང་རང་བརྟེན་གྱིས་རེ་ཞུ་བྱེད་པ།”“བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་སྒྱུར་བ།”“སྟབས་བདེའི་ངང་ཐོ་ཁོངས་བསུབས་པ།”“སྒོ་གཅིག་དང་སྒེའུ་ཁུང་གཅིག དྲ་རྒྱ་གཅིག”སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་ཁྱབ་གདལ་དུ་བཏང་སྟེ། སྔར་ལས་ལྷོད་ཡངས་དང་སྟབས་བདེ་ཡིན་པའི་ཚོང་རར་ཞུགས་འཐུས་ཀྱི་ཁོར་ཡུག་བསྐྲུན་རོགས་བྱས་ནས། བོད་ལྗོངས་ཡོངས་ཀྱི་ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་ཁྲོམ་རའི་གསོན་ཤུགས་གང་ལེགས་སྒོས་སྐུལ་སྤེལ་བྱས་པ་རེད།
          2020ལོའི་ཟླ་6པའི་ཟླ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་34.52ཟིན་པ་དང་། ཐོ་འགོད་ཀྱི་མ་དངུལ་སྒོར་དུང་ཕྱུར་17443.6ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་དུད་ཚང་ཁྲི་6.3དང་། སྒོར་དུང་ཕྱུར་3620.13སོ་སོར་འཕར་ཡོད་ཅིང་། དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་22.4དང་བརྒྱ་ཆ་26.2འཕར་ཡོད་པ་རེད།
          དུས་མཚུངས་སུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྒྱུན་ཆད་མེད་པར་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། བོད་ལྗོངས་ཀྱི་ཞུ་གཏུག་ཐེར་འདོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་12315དང་། རྒྱལ་ཡོངས་ཀྱི་12315སྟེགས་བུ་དང་སྦྲེལ་མཐུད་ལེགས་གྲུབ་བྱུང་ནས། “ཐད་སྦྲེལ་ཁ་པར་གཅིག་དང་ལས་སྟེགས་གཅིག”གི་ཞུ་གཏུག་ཐེར་འདོན་དང་ལེན་དང་ཐག་གཅོད་བྱེད་པའི་མ་ལག་མངོན་འགྱུར་བྱུང་སྟེ། རྒྱ་ཆེའི་འཛད་སྤྱོད་པ་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཕན་འབྲས་དེ་བས་ཆེ་བ་དང་དེ་བས་སྟབས་བདེའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
          ལོ་སྟོད་དུ། བོད་རང་སྐྱོང་ལྗོངས་12315ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱིས་འཛད་སྤྱོད་པའི་རེ་ཞུ་སྣ་ཚོགས་6324བདག་སྤྲོད་བྱས་པའི་ནང་བློ་འདྲི་ཁག་4331དང་། ཞུ་གཏུག་ཁག་1091 ཐེར་འདོན་ཁག་802བཅས་ཡོད་པ་རེད། དེ་དག་གྱོད་འབྲེལ་རིན་ཐང་སྒོར་ཁྲི་312ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་178ཕྱིར་ལོན་པར་བྱས་པ་རེད།
          ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་ད་ལོའི་ལོ་མཇུག་ཏུ་ཁྲོམ་ར་ཡོངས་ཀྱི་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཚོང་དོན་ཐོ་འགོད་དྲ་ཐོག་ནས་རེ་ཞུ་བྱེད་ཚད་100%དང་།  སྲིད་འཛིན་ཞིབ་མཆན་དོན་ཚན་གྱི“དྲ་རྒྱ་གཅིག”གིས་བསྒྲུབ་པ་མངོན་འགྱུར་ཡོང་བ་དང་། ཁེ་ལས་དང་འབྲེལ་བའི་ལག་ཁྱེར་འཛིན་ཡིག་གི་དོན་ཚན་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ།“ལས་གཉེར་ལག་ཁྱེར་དང་ལས་གཉེར་ཆོག་འཐུས་ཀྱི་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། འགུལ་རྣམ་གྱིས་“ལག་ཁྱེར་མང་པོ་གཅིག་སྒྲིལ”གྱི་དཀར་ཆག་ལེགས་སྒྲིག་བྱེད་པ་དང་། སྣ་མང་ཅན་གྱི་ཚོང་རའི་གྲུབ་ཆ་གཙོ་བོ་ཕྱིར་འཐེན་བྱེད་པའི་ལམ་ལུགས་བཙུགས་ཏེ། སྤྱིར་བཏང་གི་ཐོ་ཁོངས་ནས་བསུབས་པ་ལེགས་སྒྱུར་དང་། སྟབས་བདེའི་ཐོ་ཁོངས་ནས་བསུབས་པ་འཐུས་ཚང་དུ་གཏོང་བ་དང་། བཙན་ཐབས་ཀྱིས་ཕྱིར་འཐེན་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ། “དྲ་རྒྱ་གཅིག་གི་ལས་སྟེགས”ཀྱིས་བསུབས་པ་བཙུགས་ནས། ཆ་འཕྲིན་མཉམ་སྤྱོད་དང་དྲ་བ་གཅིག་གིས་མཐུན་སྦྱོར་བྱས་པ་བརྒྱུད་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་རྫས་ཞུགས་འཐུས་ཆོག་པའི་བསྒྱུར་བཅོས་ཟབ་སྤེལ་བཏང་སྟེ།“ཁེ་ལས་གཅིག་ལ་ལག་ཁྱེར་གཅིག”དང་། “གསལ་བཤད་ཁས་ལེན་”དང་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཀྱི་དཔང་ཡིག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས། ཉེན་ཁ་ཆུང་བའི་ཟས་རིགས་ཀྱི་གསལ་བཤད་ཁས་ལེན་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་ཏེ། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་བརྩོན་ལེན་བྱ་རྒྱུ་རེད། 
འབྲེལ་ཡོད་རྩོམ་ཡིག