ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་སུ་དྲ་ཐོག་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་བདེ་བླག་ངང་སྤེལ།

2020-07-28
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས22ཉིན།  བོད་ལྗོངས་དྲ་ཐོག་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་དང་།  བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ལ་རོགས་འདེད་བྱས་ནས་ཁྱིམ་དུ་བསྡད་དེ་རྐང་འཁོར་བཞོན་ཞེས་པའི་སྤྱི་ལོ2020ལོའི་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།  ཨན་ཨུས་ཧྥུའུ་ཡང་གྲོང་ཁྱེར་གྱི་ཝང་ཡུས་ཆིང་གིས་དྲ་ཐོག་རྐང་འཁོར་བཞོན་ཚད་སྤྱི་ལེ912.49ཡི་གྲུབ་འབྲས་ཀྱི་ཐོག་ནས་ཨང་དང་པོ་བླངས་པ་དང་དུས་མཚུངས།  ཁོ་པར་དྲ་ཐོག་དགའ་རྟགས255ཐོབ་སྟེ་དགའ་བསུ་ཆེ་ཤོས་ཐོབ་མཁན་དུ་གྱུར་ཡོད།
        ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་དྲ་ཐོག་རྐང་འཁོར་བཞོན་པའི་འགྲན་བསྡུར་དེ་སྤྱི་ཟླ6པའི་ཚེས25ཉིན་ནས་འགོ་ཚུགས་ཤིང་སྤྱི་ཟླ7ཚེས20ཉིན་བདེ་བླག་ངང་མཇུག་འགྲིལ་ཡོད།  རྒྱལ་ཡོངས་ཀྱི་རྐང་འཁོར་དགའ་ཞེན་བ50ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད།  བྱེད་སྒོའི་ཁྲོད་འགྲན་རྩོད་པ་ཚོས་ལག་ཐོགས་ཁ་པར་པར་གཞི་དང་རིག་ནུས་རྐང་འཁོར་སྟེགས་བུ་བརྒྱུད།  ཉིན་རེར་རྐང་འཁོར་བཞོན་དུས་དང་བཞོན་ཡུན་རིང་ཚད་ཁྱབ་བསྒྲགས་བྱས་པ་དེ་མཐའ་མའི་བྱ་དགའ་སྤྲོད་པའི་གཞི་འཛིན་ས་བྱས་པ་དང་ཆབས་ཅིག  བོད་ཀྱི་ལུས་རྩལ་སྐད་འཕྲིན་སྤྱི་རྟགས་བརྒྱུད་རང་ཁྱིམ་དུ་རྐང་འཁོར་བཞོན་པའི་བརྙན་ཕབ་དྲ་ཐོག་ཏུ་སྐྱེལ་བ་དང་དགའ་རྟགས་སྤྲོད་པ་སོགས་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག