ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དྲ་ཚོང་སྒོ་འཕར་ཕྱེས་ནས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་བཀྲམ་པ།

2020-07-31
ཀོང་ཏུང་གི་ཚོང་པས་ཙོང་ལ་ནས་ཆང་གི་བྲོ་བ་མྱོང་བཞིན་པ།
        ཟླ7པའི་ཚེས23ཉིན་ནས་ཚེས26ཉིན་བར། ཀྲུང་གོ•མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གཅིག་པ་ཟི་ལིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་དང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར7པོ་ནས་ཡོང་བའི་ཁེ་ལས་དང་ཚོང་པས་རང་རང་སོ་སོའི་ས་གནས་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་ཁུལ་དང་དྲ་ལམ་བརྒྱུད་ནས་དྲིལ་སྒྲོག་དང་ཕྱིར་འཚོང་བྱས་པས། ཐེངས་འདིའི་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོན་རྫས་འགྲེམ་ཚོང་ལ་རྣམ་པ་གསར་པ་ཞིག་མངོན།
རྡུལ་ཚོན་གྱིས་ཡིག་གཟུགས་ཕབ་པ།
ཟ་ལར་རིགས་ཀྱི་བུད་མེད་ཀྱིས་གཙགས་དྲུབ་གཙག་བཞིན་པ།
དྲ་ལམ་ནས་ཕྱིར་འཚོང་བྱེད་བཞིན་པ།
གཞིས་དམངས་ཀྱིས་རྩམ་པའི་བྲོ་བ་མྱོང་བཞིན་པ།
ཀྲུང་གོའི་ནུབ་རྒྱུད་ཀྱི་ཆེས་ཆེ་བའི་ཟི་ལིང་མདོ་བ་ཟོང་སྐྱེལ་ས་ཚིགས་ཀྱི་འཆར་འགོད་དཔེ་རིས།
འགྲེམ་སྟོན་ཡུལ་དངོས་ནས་སྣམ་བུ་འཐག་པ།
མི་རིགས་ཀྱི་གྱོན་ཆས།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག