ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་5ནས་ཚེས་6ཉིན་བར། “རླབས་ཆེན་གྱི་མེས་རྒྱལ་ལ་དགའ་ཞེན་བྱེད། ཞི་མཐུན་གྱི་བོད་ལྗོངས་གྱེར་འདོན་བྱེད”ཅེས་པ་བརྗོད་དོན་གཙོ་བོ་བྱས་པའི་དམངས་ཡོངས་ཀྱིས་དཔེ་ཀློག་གྱེར་འདོན་ཚོགས་ཆེན་དང་2020ལོའི་གཞོན་ནུ་ལོ་ཆུང་གི་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད།
འདི་ནི་དམངས་ཡོངས་ཀྱི་དཔེ་ཀློག་གྱེར་འདོན་ཚོགས་ཆེན་དང་2020ལོའི་གཞོན་ནུ་ལོ་ཆུང་གི་བསླབ་ཚན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས་རེད།
འདི་ནི་དམངས་ཡོངས་ཀྱི་དཔེ་ཀློག་གྱེར་འདོན་ཚོགས་ཆེན་དང་2020ལོའི་གཞོན་ནུ་ལོ་ཆུང་གི་བསླབ་ཚན་གྱེར་འདོན་ཚོགས་ཆེན་གྱི་རྒྱལ་ཡོངས་རྟིང་རྩོད་འགྲན་ཞུགས་མཁན་རྣམས་ཀྱི་མཉམ་པར་རེད།
འདི་ནི་ཟླ9པའི་ཚེས5ཉིན། དམངས་ཡོངས་ཀྱི་དཔེ་ཀློག་གྱེར་འདོན་ཚོགས་ཆེན་དང་2020ལོའི་གཞོན་ནུ་ལོ་ཆུང་གི་བསླབ་ཚན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་འགྲན་ཞུགས་བདམས་ཐོན་པ་རྣམས་ཀྱི་མཉམ་པར་རེད།
ཉིན་གཉིས་རིང་གི་འགྲན་བསྡུར་ཐེངས་བཞིའི་ཁྲོད་དུ། འགྲན་ཞུགས་བདམས་ཐོན་པ་50ལྷག་ཙམ་གྱིས་གྱེར་འདོན་གྱི་ལྟད་མོ་གྱ་ནོམ་པ་ཞིག་འཁྱེར་ཡོང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་གྱེར་འདོན་རིགས་གཅིག་མཁས་ཅན་དང་མདོ་འཛིན་པ་གྲགས་ཅན་གྱིས་གྲུབ་པའི་ཡུལ་དངོས་ཀྱི་དཔྱད་འདེམས་པ་ཚོགས་ཆུང་གིས་བདམས་ཐོན་པ་ཚོའི་སྐད་ཆའི་བརྗོད་སྟངས་དང་། ལུས་ཀྱི་ཉམས་འགྱུར། གྱེར་འདོན་གྱི་ཕན་འབྲས་དང་དུས་ཚོད་བཅས་ལ་གཞིགས་ནས། ཡུལ་དངོས་ནས་སྐར་གྲངས་དཔྱད་འདེམས་བྱས་པ་དང་། འགྲན་ཞུགས་པ་ཚོའི་ཡུལ་དངོས་ཀྱི་འཇོན་ནུས་ལྟར་ཆེད་ལས་ཀྱི་དཔྱད་འདེམས་བྱས་པ་རེད། ཡུལ་དངོས་སུ་སྐར་མ་བརྒྱབ་ནས་ཨང་རིམ་བསྒྲིགས་པ་ལྟར་ན། མཇུག་མཐར་བདམས་ཐོན་པ་20ཡིས་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཤིང་། ཁོང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་ཟླ་10པར་ཅང་སུའུ་དབྱང་ཀྲོའུ་རུ་འཚོག་རྒྱུ་ཡིན་པའི་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
འགྲན་ཞུགས་བདམས་ཐོན་པ་བསྟན་འཛོམས་ནི་སློབ་ཆུང་སློབ་མ་ཞིག་ཡིན་ཞིང་། ཁོ་མོས་ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པ་ནི་རང་ཉིད་ཀྱི་ནུས་པ་མངོན་པའི་གོ་སྐབས་བཟང་པོ་ཞིག་དང་། “རང་ཉིད་སྦྱོང་བརྡར་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན་པས། ང་རང་སྔར་བས་གྱེར་འདོན་ལ་དགའ་བར་བཅུག” ཅེས་བཤད།
རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཚུད་པའི་བདམས་ཐོན་པ་ཀྲང་ཏུང་ཧྲུའོ་་ཡིས་ཟླ་9པའི་ཚེས་6ཉིན་གྱི་སྔ་དྲོའི་གཞོན་ནུའི་ཚོགས་ཆུང་གི་འགྲན་བསྡུར་གྱི་ཁྲོད་དུ། ཡུལ་དངོས་ཀྱི་དཔྱད་འདེམས་པ་དང་ལྟད་མོ་བ་ཡོངས་ལ་《དམག་མིའི་གུས་སྲོལ》ཅེས་པ་ཀློག་འདོན་བྱས་ཤིང་། ཁོ་མོས་བཤད་རྒྱུར། རང་ཉིད་ཀྱིས་སྟེས་དབང་ཞིག་གིས་འགྲན་བསྡུར་འདིའི་བརྡ་སྦྱོར་རྙེད་པ་དང་། སྐབས་དེར་སེམས་འགུལ་ཆེན་པོ་ཐེབས་བྱུང་། “ང་རང་རྒྱུན་དུ་ཀློག་འདོན་བྱ་རྒྱུར་དགའ་པོ་ཡོད། ང་ལ་མཚོན་ན་འགྲན་བསྡུར་འདི་ལྟ་བུར་ཞུགས་ཐུབ་པ་ནི་རང་ཉིད་ཡར་རྒྱས་སུ་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཡིན”ཞེས་བཤད།
རྒྱུས་ལོན་བྱུང་བལྟར་ན། ཐེངས་འདིའི་དམངས་ཡོངས་ཀྱིས་དཔེ་ཀློག་གྱེར་འདོན་གྱི་ཚོགས་ཆེན་དུ་ཐོག་མའི་མིང་ཐོ་འགོད་མཁན་མི་ཆིག་སྟོང་ལ་ཉེ་བ་ཡོད་ཅིང་། དཔྱད་འདེམས་ཚོགས་པས་དཔྱད་འདེམས་ཀྱི་བླང་བྱ་གཞིར་བཟུང་སྟེ་གཅིག་བསྡུས་ཀྱིས་གྲོས་ཞིབ་བྱས་རྗེས། དྲ་རྒྱའི་ཐོག་འདེམས་ཐོན་བྱུང་བའི་ཕུལ་བྱུང་བདམས་ཐོན་པ་100བདམས་ནས་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ནང་ཚུད་པ་རེད།
ཐེངས་འདིའི་གྱེར་འདོན་ཚོགས་ཆེན་ནི་ཀྲུང་ཧྭ་རིག་གནས་སྐུལ་སྤེལ་ལྷན་ཚོགས་ཀྱི་གྱེར་འདོན་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྱབ་སྤེལ་དང་། དམངས་ཡོངས་ཀྱི་ཀློག་འདོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཀྲུང་ཧྭའི་ཤེས་རིག་གི་སྐད་སྒྲ་སྒྲོག་པའི་ཆེད་དུ་རེད།