ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྔ་བ་ཁུལ་གྱིས་སློབ་མ་ཚོར་ནས་ནག་གི་ཁྱད་ལྡན་ཞོགས་ཟས་གྲ་སྒྲིག་བྱས་པ།

2021-03-05
འདི་ནི་ལས་དོན་མི་སྣས་ནས་ནག་གི་ཀ་ར་གོ་རེའི་ལྗིད་ཚད་འཇལ་བའི་ཚུལ་རེད། 
འདི་ནི་ལས་དོན་མི་སྣ་གཉིས་ཀྱིས་ནས་ནག་གི་ཀ་ར་གོ་རེ་ཐུམ་སྒྲིལ་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ལས་དོན་མི་སྣ་ཞིག་གིས་ནས་ནག་གི་ཀ་ར་གོ་རེ་སྲེག་ཐབ་ནང་འཇོག་པའི་ཚུལ་རེད། 
         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ལ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། ནས་ནག་གི་བཟའ་ཆས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ལ་ཤུགས་བསྣན་པ་དང་ཆབས་ཅིག་ཏུ་ནས་ནག་གི་ཀ་ར་གོ་རེ་སློབ་མའི་འཚོ་བཅུད་ལྡན་པའི་ཞོགས་ཟས་སུ་བེད་སྤྱད་དེ། རྔ་བ་རྫོང་དང་ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་བཅས་ཀྱི་སློབ་གྲྭ་སོ་སོ་ནང་སྐྱེལ་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག