ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ད་ལོ་ཁོང་ཚོགས་ཆེན་གཉིས་ལ་ཞུགས་པའི་སྐལ་བ་དང་བྲལ།

2021-03-05
        གལ་སྲིད་ཟླ་བ་གཉིས་གོང་རང་སྲོག་བློས་བཏང་མེད་ན། མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁོང་གིས་ཡུན་རིང་སྟ་གོན་གནང་བའི་གྱོན་གོས་ལེགས་པར་མནབས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ནང་ཞུགས་ཡོད་ངེས།
        ཁོང་གི་མཚན་ལ་ལ་ཆི་ཉི་པ་དབྱི་ཁ་ཞེས་ཞུ་ཞིང་། མཐའ་མཚམས་སྲུང་མཁན་ཞིག་ཡིན། སྤྱི་ལོ་2021ལོའི་ཟླ་1པོའི་ཚེས་4ཉིན། འཁྱགས་དོང་ནང་ལྷུངས་བའི་བྱིས་པ་ཞིག་སྐྱོབ་ཆེད། དགོང་ལོ་41ཡིན་པའི་ཁོང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། ཉིན་ཤས་གོང་། ཀྲུང་དབྱང་དྲིལ་བསྒྲགས་པུས་ཁོང་ལ་དུས་རབས་ཀྱི་མིག་དཔེ་ཞེས་པའི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་གནང་།
        སྤྱི་ལོ་2021ལོའི་ཟླ་1པོའི་ཚེས་4ཉིན་གྱི་ཕྱི་དྲོ། ཤིན་ཅང་ཁ་ཧྲེ་སློབ་གྲྭ་ཆེན་མོའི་སློབ་རའི་ནང་གི་ཤིན་ཆོན་མཚེའུའི་འགྲམ་ངོགས་སུ། ཨ་མ་ཞིག་གིས་དངངས་འཚབ་ཆེན་པོས་སྲོག་སྐྱོབ་རོགས་ཞེས་ཞུས་པས་ཁ་ཧྲེ་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་བཞིན་པའི་ལ་ཆི་ཉིས་འབོད་སྐད་ཐོས་རྗེས། མགྱོགས་མྱུར་ངང་དོན་རྐྱེན་བྱུང་སའི་འཁྱགས་པའི་ཕྱོགས་སུ་བསྐྱོད།
        འོན་ཏེ། ལ་ཆི་ཉིས་ལག་པ་རིང་དུ་བསྲིངས་ནས་བྱིས་པ་དེ་འཛིན་ཐུབ་ལ་ཁད་ཀྱི་སྐད་ཅིག་མ་དེར། རྐང་འོག་གི་འཁྱགས་ངོས་གློ་བུར་དུ་བརྡིབས་ཤིང་། ཁོང་གྲང་ཤུར་ཤུར་གྱི་ཆུའི་ནང་དུ་ལྷུངས།
སྐབས་དེ་དུས། ཉལ་ཁང་གཅིག་པའི་མུ་ཧྲ་ཅང་ནུའུ་འར་ཏུན་ཡང་རྒྱུགས་ཡོང་བ་དང་། འཁྱགས་ཆུའི་ནང་གི་ལ་ཆི་ཉིས་ནུས་ཤུགས་ཡོད་རྒུས་བྱིས་པ་ཡར་འགྱོག་ཞོར་མུ་ཧྲ་ཅང་གི་ཕྱོགས་སུ་སྐད་གསང་མཐོན་པོས་འཁྱགས་པ་ཧ་ཅང་སྲབ་པས། ཁྱོད་ཚུར་མ་ཡོང་། བྱིས་པ་སྐྱོབ་རོགས། མྱུར་དུ་བྱིས་པ་སྐྱོབ་རོགས་ཞེས་བརྗོད། ཉེན་ཁ་ཧ་ཅང་ཆེ་བའི་སྐབས་དེར། མུ་ཧྲ་ཅང་གིས་སྨི་གཉིས་ལྷག་ཡོད་པའི་སྐེ་དཀྲིས་གོང་བུར་འགྲིལ་རྗེས་ལ་ཆི་ཉིར་གཡུགས།
        འོན་ཀྱང་། སྐེ་དཀྲིས་གཅིག་གིས་མི་གཉིས་རྩ་བ་ཉིད་ནས་ཡར་འཐེན་ཐབས་བྲལ། འཁྱགས་ཆུའི་ནང་གི་ལ་ཆི་ཉིས་བྱིས་པའི་རྐང་པ་ཡར་བཀྱགས་ནས་ཡང་བསྐྱར་ཉལ་ཁང་གཅིག་པའི་གྲོགས་པོར་སྔོན་ལ་བྱིས་པ་སྐྱོབ་རོགས་ཞེས་བོས་མོད། འོན་ཀྱང་སླར་ཡང་ཉེན་ཁ་ཤིན་ཏུ་ཆེ་བའི་དུས་ལ་སླེབས་པ་སྟེ། འཁྱགས་ངོས་ཆེན་པོ་ཞིག་གློ་བུར་དུ་བརྡིབས་ཤིང་། མུ་ཧྲ་ཅང་ཡང་འཁྱགས་ཆུའི་ནང་ལྷུངས།
        སྐབས་དེ་དུས། མཚེའུ་ངོགས་ཀྱི་མི་རྣམས་ནས་སྒྲ་ཐོས་རྗེས་དེའི་ཕྱོགས་སུ་རྒྱུགས་ཡོང་ཞིང་། མཉམ་དུ་སྲོག་སྐྱོབ་ལས་འགུལ་ནང་ཞུགས། དུས་ཚོད་སྐར་ཆ་རེ་རེ་ཕར་ལ་འདས་པ་དང་། ནམ་མཁའ་ནས་ཁ་བའི་འདབ་མ་ས་ལ་ལྷུངས། ལ་ཆི་ཉིས་འཁྱགས་ཆུའི་ནང་སྐར་མ་བཅུ་ལྷག་རིང་ཕྲུ་གུ་དེ་ཡར་བཀྱགས་བསྡད་པ་དང་། ཁོང་ཆུའི་ནང་དུ་གཡོ་འགུལ་བྱེད་བཞིན་ཡོད་མོད། འོན་ཀྱང་བྱིས་པའི་མགོ་བོ་ཐོག་མཐའ་བར་གསུམ་དུ་ཆུ་སྟེང་དུ་དོན་པ་གནང་།
        མེ་གསོད་རོགས་སྐྱོབ་མི་སྣ་འབྱོར་རྗེས། མུ་ཧྲ་ཅང་དང་ཆུར་ལྷུངས་བའི་བྱིས་པ། དེ་བཞིན་བྱིས་པའི་ཨ་མ་བཅས་གཅིག་རྗེས་གཉིས་མཐུད་ངང་ཆུ་ནང་ནས་སྐྱོབ། སྐབས་དེར་འཁྱགས་ཆུའི་ནང་ལ་ཆི་ཉི་སྔ་ས་ནས་མཐོང་རྒྱུ་མེད་པར་གྱུར། ཆུ་ཚོད་གཉིས་ཀྱི་རྗེས་སུ་ད་གཟོད་རོགས་སྐྱོབ་མི་སྣས་མཚེའུའི་གཏིང་ནས་གཟུགས་པོ་ཡོངས་གྲང་རྐྱང་དུ་གྱུར་བའི་ལ་ཆི་ཉི་རྙེད་ཅིང་། ཚེ་སྲོག་གིས་ཚེ་སྲོག་བཏེགས་པའི་ཁོང་དུས་གཏན་དུ་མི་ཡུལ་འདི་དང་ཞལ་གྱེས།
        ལ་ཆི་ཉི་ཚེ་ལས་འདས་རྗེས། ཁོང་གི་གཏམ་རྒྱུད་ཀྱིས་ཀྲུང་གོ་བ་ཡོངས་སེམས་འགུལ་ཐེབས། དོན་དམ་པར་དགོད་འཛུམ་ལ་དགའ་བའི་ཐ་ཅི་ཁེའི་ཕོ་རྒོད་འདི་ལ་ད་དུང་ཐོབ་ཐང་དང་གཏམ་རྒྱུད་མང་པོ་ཡོད་དེ། ཁོང་ནི་བྱིས་པ་གཉིས་ཀྱི་ཨ་ཕ་ཡིན་ལ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་དམག་བཀུར་དཔེ་བཟང་། ཁྱིམ་ཚང་གཅིག་གི་མི་རབས་གསུམ་གྱིས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་མཐའ་སྲུང་དཔའ་བོ་ཞིག་ཡིན།
ཕ་སྨིའར་ས་མཐོའི་གླག་རྒོད། བདེ་བར་གཤེགས།
ང་ཚོས་ཁྱེད་ཀྱི་ཕྱག་ནང་གི་དཔལ་འབར་བླངས་ཏེ།
མེས་རྒྱལ་གྱི་མངའ་ཁོངས་དང་རི་ཀླུང་ལྟ་སྲུང་ཡག་པོ་བྱ་ངེས་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག