ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་PK24བཟོ་ལས་གླིང་གི་དུས་ཐེངས་དང་པོའི་རྣམ་གྲངས་ལས་མཇུག་འགྲིལ་བ།

2022-12-28
 འདི་ནི་ཟླ་12ཚེས་23ཉིན་ཁོ་ཐེ་ཏི་ཝོར་གྱི་ཨ་པི་རང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཁོ་ཐེ་ཏི་ཝོར་གྱི་ཙུང་ལི་ཕ་ཐེ་ལི་ཁེ·ཨ་ཤིས་ཀྱིས་PK24བཟོ་ལས་གླིང་གི་དུས་ཐེངས་དང་པོའི་རྣམ་གྲངས་ལས་མཇུག་འགྲིལ་བའི་མཛད་སྒོར་ཤིས་ཚིག་སྒྲོན་བཞིན་པ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས(ཀྲུང་གོ་མཚོ་ཁུག)སྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་PK24བཟོ་ལས་གླིང་གི་དུས་ཐེངས་དང་པོའི་རྣམ་གྲངས་ལས་མཇུག་འགྲིལ་བ་རེད།
  ཁོ་ཐེ་ཏི་ཝོར་གྱི་ཙུང་ལི་ཕ་ཐེ་ལི་ཁེ·ཨ་ཤིས་ཀྱིས་ལས་མཇུག་འགྲིལ་བའི་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། རྣམ་གྲངས་འདིས་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཁོ་ཐེ་ཏི་ཝོར་གྱི་བཟོ་ལས་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་སྦྱིན་སྲིད་ཅེས་བརྗོད་ཅིང་། ཁོང་གིས་ཁེ་ལས་དེ་བས་མང་བ་བཟོ་ལས་གླིང་དུ་གཞིས་ཆགས་ནས་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་འཛུགས་སྐྲུན་དང་གཞོན་ནུ་ཚོའི་ལས་ཞུགས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་ལྕག་སྐུལ་ཡང་བྱས་པ་རེད།
  PK24བཟོ་ལས་གླིང་གི་དུས་ཐེངས་དང་པོའི་རྣམ་གྲངས་དེ་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། རྒྱ་ཁྱོན་སྤྱི་ཆིང་127ཟིན་ཞིང་། 2020ལོའི་ཟླ་2ཚེས་1ཉིན་སྐྲུན་འགོ་ཚུགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག