ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གློག་གཏོང་ལྕཊ་སྒྲོམ་འདི་གར་བསྐྲུན།

2024-04-08
            ཟླ་4ཚེས་1ཉིན་རྒྱལ་ཁབ་གློག་དྲའི་འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་སྟོང་ཧྥུའུ་±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭའི་ལམ་ཐིག་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ལྕགས་སྒྲོམ་དེ་སི་ཁྲོན་དུ་བསྐྲུན་ཟིན་པ་རེད། ལྕགས་སྒྲོམ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་སྡེ་དར་ཤང་གི་རི་བོ་སྲིབ་ཆུང་མའི་ཐོག་གནས་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་4797.9ཟིན་ཞིང་།  མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཆེས་མཐོ་གནོན་གློག་གཏོང་གྱི་ལྕགས་སྒྲོམ་ཡིན།
            ལྕགས་སྒྲོམ་དེ་གནས་ཁུལ་དུ་སྔོ་ཁེབས་ཐར་ཐོར་དང་མཁའ་དབུགས་ཉུང་བ། གནམ་གཤིས་གྲང་ངར་ཆེ་ལ་འགྱུར་ལྡོག་མང་བ།  རྒྱུན་ལྡན་རང་བཞིན་གྱི་གངས་ཆེན་པོ་བབས་ནས་ལས་ཡུལ་དངོས་ཀྱི་ཨར་ལས་ལ་འགྲན་སློང་དྲགས་པོ་འཕྲད་ཡོད། ལྕགས་སྒྲོམ་དེའི་མཐའ་འཁོར་དུ་ད་དུང་ལྕགས་སྒྲོམ་99ཡོད་ཅིང་། དེ་དག་ཚང་མ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་དུ་གནས་ཡོད། འཛུགས་སྐྲུན་ཚན་པས་ཡུལ་དངོས་སུ་རྩད་ཞིབ་ཐེངས་མང་བྱས་ནས་ས་མཐོའི་འཛུགས་སྐྲུན་གྱི་ཉམས་མྱོང་ཡོད་མཁན་མངགས་གཏོང་བྱས་པ་མ་ཟད། ད་དུང་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལས་དོན་སྤེལ་ཏེ་ལས་ཆོད་ལ་འགན་སྲུང་བྱས་ཡོད།
            འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ལས་གྲྭ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་ཡིན་པ་དང་ཐད་རྒྱུག་སྐུད་ལམ་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་1901ཟིན་ཞིང་། བོད་ལྗོངས་དང་སི་ཁྲོན། ཁྲུང་ཆིང་།  ཧུའུ་པེ་བཅས་ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་བཞི་བརྒྱུད་དེ་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་དང་ནུས་རྒྱུ་གསར་པ་ཀྲུང་ཧྭ་དབུས་རྒྱུད་ཀྱི་ཆེས་མཐོ་གནོན་སྣོལ་རྒྱུག་རྐང་འཛིན་དྲ་སྒྲོམ་ལ་མཐུད་འཇུག་བྱས་ཡོད། ལས་གྲྭ་དེ་ལེགས་འགྲུབ་བྱུང་རྗེས་ལོ་རེར་ཀྲུང་ཧྭ་དབུས་རྒྱུད་ས་ཁུལ་དུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་400ཙམ་ཟིན་རྒྱུ་རེད།
            མིག་སྔར་ལས་གྲྭའི་ལམ་ཐིག་ཡོངས་ཀྱི་ས་ཆ་མང་ཆེ་བར་སྔ་རྗེས་སུ་ལྕགས་སྒྲོམ་འཛུགས་མུས་ཡིན་པ་དང་ལས་གྲྭའི་ལྕགས་སྒྲོམ་འཛུགས་མང་ཤོས་ཀྱི་དུས་སུ་སླེབས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།
འབྲེལ་ཡོད་རྩོམ་ཡིག