ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཁུ་པའི་ཁྲོམ་གཞུང་། “དབྱིབས་རྙིང་རླངས་འཁོར་གྱི་རྟེན་རྫས་བཤམས་མཛོད་ཁང”

2024-04-08
འདི་ནི་ཧ་ཝ་ནའི་ཁྲོམ་གཞུང་གི་དབྱིབས་རྙིང་རླངས་འཁོར་ཡིན་པ།
འདི་ནི་ཧ་ཝ་ནའི་རླངས་འཁོར་འཇོག་སར་བཞག་པའི་དབྱིབས་རྙིང་རླངས་འཁོར་ཡིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ཞེ་ཅ་ཉིང་གིས་པར་བླངས)
  ཁུ་པའི་ཁྲོམ་གཞུང་ལ“དབྱིབས་རྙིང་རླངས་འཁོར་གྱི་རྟེན་མཛོད་ཁང”ཞེས་འབོད་པ་དང་མིག་སྔར་དུས་རབས་གོང་མར་ཐོན་སྐྱེད་བྱས་པའི་དབྱིབས་རྙིང་རླངས་འཁོར་ཁྲི་7ལྷག་ཙམ་སོར་འཇོག་བྱས་ཡོད། རྒྱལ་ས་ཧ་ཝ་ནའི་ཁྲོམ་གཞུང་དུ་ཉིན་ལྟར་དབྱིབས་རྙིང་རླངས་འཁོར་སྟོང་ཕྲག་མང་པོ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། ཚོན་མདོག་རྣམ་པར་བཀྲ་བའི་དབྱིབས་རྙིང་རླངས་འཁོར་མང་ཆེ་བ་བདལ་གཏོང་རླངས་འཁོར་ཐད་སྤྱད་དེ་ས་གནས་དེ་གའི་འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་དཀའ་གནད་ཞི་ལྷོད་དུ་གཏོང་བར་རམ་འདེགས་བྱས་ཡོད།
འབྲེལ་ཡོད་རྩོམ་ཡིག