ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འགྲེམས་སྟོན་འདི་པེ་ཅིང་དུ་འགོ་ཚུགས་འདུག

2024-04-12
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། པེ་ཅིང་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་རིག་གནས་དང་ཡུལ་སྐོར་ཅུས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་མཛོད་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་གསེར་འབྲུག་ལས་པེ་ཅིང་དང་བོད་ལྗོངས་དབར་གྱི་བརྩེ་བ་དམ་པོར་འབྲེལ—《ས་མཐོར་རྩེན་པའི་ཀྲུང་ཧྭའི་འབྲུག》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད། 
གསེར་འབྲུག་ལས་པེ་ཅིང་དང་བོད་ལྗོངས་དབར་གྱི་བརྩེ་བ་དམ་པོར་འབྲེལ—《ས་མཐོར་རྩེན་པའི་ཀྲུང་ཧྭའི་འབྲུག》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན། 
       ཐེངས་འདིའི་འགྲེམས་སྟོན་ནང“འབྲུག”འགོ་འཛུགས་སར་བྱས་ནས། རང་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གཏམ་རྒྱུད་དག་གསོན་ཉམས་ལྡན་པའི་ངང་བརྗོད་ཡོད་ཅིང་། “འབྲུག”ཅེས་པའི་ཐུན་མོང་གི་ཀྲུང་ཧྭའི་རིག་གནས་མཚོན་རྟགས་དེ་བརྒྱུད། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭའི་རིག་གནས་ལ་མོས་སེམས་གཏིང་ཟབ་བྱེད་པར་ར་སྤྲོད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་འཛུགས་པའི་སློབ་གསོ་གཏོང་ཆེད་ལོ་རྒྱུས་ཀྱི་གཞི་འཛིན་ས་ཏན་ཏིག་མཁོ་འདོན་བྱས་ཡོད། 
གསེར་འབྲུག་ལས་པེ་ཅིང་དང་བོད་ལྗོངས་དབར་གྱི་བརྩེ་བ་དམ་པོར་འབྲེལ—《ས་མཐོར་རྩེན་པའི་ཀྲུང་ཧྭའི་འབྲུག》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ། 
       འགྲེམས་སྟོན་ནང་པར་རིས་དང་དངོས་པོ་རྩ་ཆེན་མང་པོ་ཞིག་བརྒྱུད“འབྲུག་རིག་གནས”ཀྱི་གནའ་དེང་དང་ནང་ས་ནས་ས་མཐོར་དར་བའི་ལོ་རྒྱུས་ཀྱི་གནས་ཚུལ་གསེད་བཀྲོལ་བྱས་པ་མ་ཟད། ས་མཐོར་དར་བའི་ཀྲུང་ཧྭའི་འབྲུག་དང་ས་མཐོའི་རིག་གནས་མཉམ་འདྲེས་གཏིང་ཟབ་བྱས་རྗེས། བཟོ་དབྱིབས་སྣ་ཚོགས་ཐོན་ནས་མཚོ་བོད་ས་མཐོའི“འབྲུག”གི་བསམ་བློའི་འདུ་ཤེས་དང་། གུས་ལུགས་ལམ་ལུགས། ཆོས་ལུགས་དད་མོས། ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་མཐོང་ཚོར་དང་མཚོན་ཚུལ་བཅས་གཅིག་སྡུད་ཐོག་མངོན་པ་དང་། ལྡེབས་རིས་དང་། ཐང་ག ཐམ་ག བཟོ་སྐྲུན། རྟ་ཆས། ཁྱིམ་ཆས། རྒྱན་གོས། འཚོ་བའི་ཡོ་བྱད་སོགས་ཀྱང་ཚུད་ཡོད་པས། དེ་དག་ལས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས“འབྲུག་རིག་གནས”ལ་ཡིད་སྨོན་དང་དང་ལེན་བཅས་བྱས་ནས། མཛེས་དཔྱོད་དང་སྙིང་སྟོབས་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་དག་ཅུང་ཆ་ཚང་བའི་ངང་མངོན་ཡོད། 
འགོ་ཚུགས་མཛད་སྒོའི་ཐོག་གི་སྐུ་མགྲོན་ཧྥན་ཅིའུ་ཧུའེ་ཡིས་ལྟད་མོ་བ་ཚོར་གསལ་འགྲེལ་བྱེད་བཞིན་པ། 
       ངོ་སྤྲོད་བྱས་པར་གཞིགས་ན། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་བྱས་པ་དང་བསྟུན་ནས།  ཀྲུང་ཡོན་ས་ཁུལ་གྱི“འབྲུག”རིག་གནས་མཚོ་བོད་ས་མཐོར་རང་ཤུགས་སུ་ཁྱབ་སྟེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་རིམ་བཞིན་མཉམ་འདྲེས་བྱས་ཡོད། 
ལྟད་མོ་བ་ཚོས་འགྲེམས་སྟོན་ལ་ལྟ་བཞིན་པ། 
       འགྲེམས་སྟོན་ནང་ད་དུང་མཉམ་འགུལ་ཉམས་ལེན་ཁུལ་བཙུགས་ཡོད་པས། ལྟ་སྐོར་བ་ཚོས་བོད་ལྗོངས་ཀྱི་པར་འདེབས་ལག་རྩལ་དངོས་སུ་མྱོང་ཚོར་བྱེད་ཆོག་ལ། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་མྱོང་ཚོར་གཏིང་ཟབ་བྱེད་ཆོག 
འགོ་ཚུགས་མཛད་སྒོའི་ཐོག་ཅིན་ལིན་གྱིས་ཆེད་དོན་འཆད་ཁྲིད་བྱེད་བཞིན་པ། 
       ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་བྱེད་རིང་གཙོ་གཉེར་ཕྱོགས་ཀྱིས་ཆེད་དོན་འཆད་ཁྲིད་དང་། རིག་གཞུང་གྲོས་མོལ། སྤྱི་ཚོགས་སློབ་གསོ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། 
རྩོམ་སྒྲིག་པ། མང་ག་མཚོ།
འབྲེལ་ཡོད་རྩོམ་ཡིག