ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལོ13ཅན་གྱི་བུ་མོས་དྲ་ཐོག་ནས་སྙན་སྒྲོན་པ་སྒོར་ཁྲི6བྱ་དགའ་སྤྲད་པ།

2024-04-12
          ད་ལོའི་ཟླ2པར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་བསྟན་ཆེ་གེ་མོས་ལག་ཐོགས་ཁ་པར་སྤྱད་དེ་དངུལ་སྤྲོད་སྐབས་སུ་རང་ཉིད་ཀྱི་དངུལ་ཁང་གཱ་ནང་བསགས་པའི་སྒོར་ཁྲི6ལྷག་ཙམ་མེད་པ་ཤེས་ནས། འཕྲལ་མར་སྤྱི་བདེ་ལས་ཁུངས་སུ་གྱོད་དོན་སྙན་སེང་ཞུས་ཏེ་མི་དམངས་ཉེན་རྟོག་པས་འཚོལ་རོགས་བྱ་རྒྱུའི་རེ་བ་བཏོན་པ་རེད།
          གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་བསྟན་ཆེ་གེ་མོའི་དངུལ་ཁང་གི་རྩིས་ཐོ་འདྲི་རྩད་བྱས་པ་བརྒྱུད། ཟླ2པའི་ཚེས16ནས་ཚེས26ཉིན་བར་བསྟན་ཆེ་གེ་མོའི་དངུལ་ཁང་གཱ་ནང་གི་སྒོར62696བརྙན་ཐུང་ཐད་གཏོང་སྟེགས་བུ་ག་གེ་མོའི་ནང་ཐེངས་མང་སྤྲད་ཡོད་པ་ཤེས་རྟོགས་བྱུང་བ་རེད། བསྟན་ཆེ་གེ་མོས་ད་གཟོད་རང་ཉིད་ཀྱི་ལོ13ལ་སླེབས་པའི་ཚ་མོ་དེས་རྟག་ཏུ་ཁ་པར་ཐོག་ནས་བརྙན་ཐུང་བལྟ་བཞིན་ཡོད་པ་ཡིད་ལ་དྲན། རྗེས་སུ་མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད། བསྟན་ཆེ་གེ་མོའི་ཚ་མོས་ཐད་གཏོང་སྟེགས་བུའི་ཐོག་ནས་དྲ་ཐོག་བརྙན་སྒྲོན་པར་སྤྲད་པ་གསལ་བཤད་བྱས།  
བསྟན་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་ཁ་བཏགས་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ། 
         བསྟན་ཆེ་གེ་མོར་དངུལ་ཚུར་ལེན་རོགས་བྱ་ཆེད། མི་དམངས་ཉེན་རྟོག་པས་འཕྲལ་དུ་ཐད་གཏོང་སྟེགས་བུ་དེའི་གཞུང་ཕྱོགས་ཀྱི་འགྲུལ་པར་ཚོང་ཞབས་པར་འབྲེལ་གཏུག་བྱས་པ་དང་འབྲེལ་གཏུག་ཐེངས་མང་བྱས་པ་བརྒྱུད་མཐར་ལས་ཀའི་དུས་ཚོད10ཡི་རྗེས་སུ་ཐད་གཏོང་སྟེགས་བུ་དེས་སྒོར62696ཚང་མ་བསྟན་ཆེ་གེ་མོའི་དངུལ་ཁང་གི་རྩིས་ཐོའི་ནང་ཕྱིར་སློག་བྱས་པ་རེད། ཟླ4པའི་ཚེས8ཉིན། བསྟན་ཆེ་གེ་མོས་ཟངས་རི་རྫོང་སྤྱི་བདེ་ཅུས་སུ་ཡོང་ནས་མི་དམངས་ཉེན་རྟོག་པར་ཁ་བཏགས་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 
རྩོམ་སྒྲིག་པ། མང་ག་མཚོ།
འབྲེལ་ཡོད་རྩོམ་ཡིག