ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མཚོ་སྔོན་ཚྭ་འདམ་གཞོང་དུ་གསེར་གྱི་གཏེར་ཁ་ཆེན་པོ་ཞིག་རྙེད་འདུག

2024-04-12
           ཟླ4པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་གི་ལྷོ་བྱང་རྒྱུད་ཀྱི་གསེར་གཏེར་ཆེ་གྲས་གཏིང་རིམ་ཐོན་ཁུངས་སྔོན་དཔག་དང་ཞིབ་འཇུག་རྣམ་གྲངས་ཀྱི་འགན་འཁུར་བ་ཝང་པིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སུ་བཤད་དོན།  “2021ལོ་ཚུན། ང་ཚོས་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་གི་ལྷོ་བྱང་རྒྱུད་ཀྱི་ཐན་ཅན་རི་བོ་དང་ཝུའུ་ལུང་ལུང་ཤུར་ནས་གསེར་གྱི་གཏེར་ཁ་འཚོལ་ཞིབ་ལས་དོན་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་སྟེ། གསེར་གྱི་ཐོན་ཁུངས་ཏུན43.2མང་དུ་ཕྱིན་ཞིང་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར200ཙམ་བཏོད་ཡོད”ཅེས་བརྗོད། 
མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་གི་ལྷོ་བྱང་རྒྱུད་ཀྱི་གསེར་གཏེར་ཆེ་གྲས་ཀྱི་གཏིང་རིམ་ཐོན་ཁུངས་སྔོན་དཔག་དང་ཞིབ་འཇུག་རྣམ་གྲངས་ཚོགས་པས་བཤེར་འཇལ་བྱེད་བཞིན་པ། 
          ཀྲུང་གོའི“ནོར་གཞོང”ཞེས་འབོད་སྲོལ་ཡོད་པའི་ཚྭ་འདམ་གཞོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གནས་པ་དང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི25.65ཡོད་ལ། དེ་ནི་ཀྲུང་གོའི་ནུས་རྒྱུ་དང་གཏེར་རྫས་ཐོན་ཁུངས་གཅིག་ཏུ་འདུས་པའི་ས་ཁུལ་གལ་ཆེན་ཞིག་ཡིན། དེའི་ནང་གི་ཚྭ་འདམ་གཞོང་གི་བྱང་རྒྱུད་གནས་པའི་ཐན་ཅན་རི་བོའི་གསེར་གཏེར་དང་ཚྭ་འདམ་གཞོང་གི་ལྷོ་རྒྱུད་དུ་གནས་པའི་ཝུའུ་ལུང་ལུང་ཤུར་གྱི་གསེར་གཏེར་ནི་མཚོ་སྔོན་ཞིང་ཆེན་གྱི་ཚྭ་འདམ་གཞོང་གི་བྱང་རྒྱུད་གཏེར་ཁུལ་དང་མདོ་ལ་རིང་མོའི་རི་རྒྱུད་ཀྱི་གཏེར་ཁུལ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་གསེར་གཏེར་གཏེར་རྫས་ཆགས་གཞི་ཆེ་གྲས་ཤིག་རེད་ལ། མཚོ་སྔོན་ཞིང་ཆེན་གྱི“ཚན་ཞིབ་དང་། རྩད་ཞིབ། གསར་སྤེལ”བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་རྣམ་པའི་གཏེར་རི་ཞིག་ཀྱང་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ཚྭ་འདམ་གཞོང་གི་ལྷོ་བྱང་རྒྱུད་གཉིས་སུ་གཞི་ཁྱོན་ཆེ་བའི་གསེར་གཏེར་ཅན་གྱི་དུས་ཐེངས་མང་པོའི་ཁྱད་ཆོས་དང་། ས་ཁོངས་ཀྱི་དུས་ཐེངས་མང་བ་དང་དུས་མཚམས་མང་བའི་གྲུབ་ཚུལ། དེ་བཞིན་རྡོ་ཞུན་ཚ་པོའི་འགུལ་སྐྱོད་བཅས་ལས། ཞིབ་འཇུག་ཁུལ་གྱི་གསེར་གཏེར་གྱི་ཆོས་ཉིད་དང་གཏེར་ཁ་ཚོད་འཛིན་གྱི་རྒྱུ་རྐྱེན་གཙོ་བོ་སོགས་ལ་ངོས་འཛིན་ཐུབ་ཚད་མི་འདང་བ་མ་ཟད། ཞིབ་འཇུག་ཁུལ་གྱི་གསེར་གཏེར་གཏིང་རིམ་གྱི་གནས་ཐིག་གཏན་འཁེལ་གྱི་སྔོན་དཔག་ཞིབ་འཇུག་ཆུ་ཚད་དམའ་བ་དང་ལག་རྩལ་བྱ་ཐབས་སྣ་རྐྱང་ཡིན་པས། གསེར་གཏེར་གྱི་ཟབ་ཚད་ལ་མགྱོགས་མྱུར་གདེང་འཇོག་དང་གཏེར་འཚོལ་ཐད་གྲུབ་འབྲས་གསར་པ་ལེན་རྒྱུར་ཚོད་དཔག་བྱས་ཡོད། 
མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་གི་ལྷོ་བྱང་རྒྱུད་ཀྱི་གསེར་གཏེར་ཆེ་གྲས་ཀྱི་གཏིང་རིམ་ཐོན་ཁུངས་སྔོན་དཔག་ཞིབ་འཇུག་རྣམ་གྲངས་ཚོགས་པས་བཤེར་འཇལ་བྱེད་བཞིན་པ། 
        ཝང་པིན་གྱིས། ད་ཐེངས་ཀྱི་ཞིབ་འཇུག་རྣམ་གྲངས་ལ་ཐོབ་པའི་གྲུབ་འབྲས་ནི་མཚོ་སྔོན་ཞིང་ཆེན་གྱིས་གསེར་གཏེར་ཆེ་གྲས་ཀྱི་གཏིང་རིམ་ནས་གཏེར་ཁ་འདུས་ཚད་མང་བའི་བར་མཐོངས་གཉིས་པ་ཐོག་མར་རྙེད་པ་དེས་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་གི་ལྷོ་བྱང་རྒྱུད་ཀྱི་གསེར་གཏེར་ཆེ་གྲས་ལ་ཧྲན་ཏུང་གི“ཅའོ་ཅ་རྣམ་པའི”འཛམ་གླིང་རིམ་པའི་གསེར་གྱི་གཏེར་རྫས་ཆགས་གཞིའི་མི་མངོན་པའི་ནུས་པ་ལྡན་པ་མ་ཟད། ད་དུང་གཏེར་རིའི་ཁེ་ལས་ཀྱིས་ཐད་ཀར་གསར་སྤེལ་བེད་སྤྱོད་ཆོག་པ་དང་། གཏེར་རིའི་ཁེ་ལས་ཀྱིས་རྒྱུན་གཏན་ལྟར་ཐོན་སྐྱེད་ཐུབ་པའི་འགན་ལེན་བྱེད་པ། ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་མཚོན་ཡོད་ཅེས་བརྗོད། 
       《ཀྲུང་གོའི་གཏེར་རྫས་ས་གཤིས་རྣམ་བཤད་ཀྱི་མཚོ་སྔོན་གྱི་ལེའུ་ཡི་ཁྱབ་གདལ་དེབ》ནང་འཁོད་པར་གཞིགས་ན། 2017ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱིས་གསེར་གྱི་ཐོན་ཁུངས་གསོག་ཚད་ཏུན481.66རྩད་ཆོད་ལ། ཐོན་ཁུངས་གསོག་ཚད་ཏུན347.17ཟིན་ཡོད། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་གསེར་གཏེར་ཐོན་ཁུལ346ཤེས་རྟོགས་ཐུབ་ཡོད་ལ། གསེར་གཏེར་ཆེ་ཤོས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ཏ་ཁྲེང་གསེར་གཏེར་ཡིན་པ་དང།  དེ་རུ་གསེར་གྱི་ཐོན་ཁུངས་ཏུན108.63ཟིན་ཡོད། 
རྩོམ་སྒྲིག་པ། མང་ག་མཚོ།
འབྲེལ་ཡོད་རྩོམ་ཡིག