ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འཛམ་གླིང་དཔེ་ཀློག་ཉིན་མོར་བོད་ལྗོངས་མེ་ཏོག་རྫོང་དུ་དཔེ་དེབ་ཀྱི་དྲི་ཞིམ་འཐུལ།

2024-04-25
མི་རྣམས་ཀྱིས་མེ་ཏོག་རྫོང་གི“པད་མ་བཀོད་དཔེ་ཁང”དུ་དཔེ་དེབ་ཀློག་བཞིན་པ།
མེ་ཏོག་རྫོང་གི་ལས་བྱེད་པ་སངས་རྒྱས་མཚོ་མོས(གཡོན)དཔེ་དེབ་སྤྲོད་པ་དང་། དཔེ་དེབ་བརྗེ་རེས། དཔེ་དེབ་ལྟ་བ་བཅས་ཀྱི་བྱེད་སྒོའི་སྐབས་རང་ཉིད་ཀྱིས་ལོ་མང་ཉར་ཚགས་བྱས་པའི་དཔེ་དེབ《མཚན་ཞག་སྟོང་གི་གཏམ་རྒྱུད》དང་བླངས་པར་སྤྲོད་བཞིན་པ།
ཀློག་པ་པོ་ཞིག་གིས་མེ་ཏོག་རྫོང་ཤིན་ཧྭ་དཔེ་ཚོང་ཁང་དུ་དཔེ་དེབ་འདེམས་བཞིན་པ།
མེ་ཏོག་རྫོང་ཤིན་ཧྭ་དཔེ་ཚོང་ཁང་གི་ཅིང་ལི་བསམ་གཏན་སྒྲོལ་མས(གཡས)དཔེ་ཚོང་ཁང་ནང་ཀློག་པ་པོར་དེབ་ངོ་སྤྲོད་བྱེད་བཞིན་པ།
ས་གནས་དེ་གའི་མང་ཚོགས་ཀྱིས་མེ་ཏོག་རྫོང་གི“པད་མ་བཀོད་དཔེ་ཁང”དུ་དཔེ་དེབ་ཀློག་བཞིན་པ།
       ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་དཔེ་དེབ་སྤྲོད་པ་དང་། དཔེ་དེབ་བརྗེ་རེས། དཔེ་དེབ་ལྟ་བ་བཅས་ཀྱི་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱིས་དཔེ་དེབ་ཀློག་པའི་སྐུལ་སློང་བྱས་པ་རེད།
       མེ་ཏོག་རྫོང་ཤིན་ཧྭ་དཔེ་ཚོང་ཁང་གི་ཅིང་ལི་བསམ་གཏན་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་དེར་མཚོན་ན་དཔེ་ཀློག་ནི་ཡར་སྔོན་ལས་སླ་པོ་ཞིག་མིན་ཏེ། གཞུང་ལམ་ཤར་གཏོང་མ་ཐུབ་གོང་སློབ་མའི་སློབ་དེབ་རྣམས་རི་ལམ་བརྒྱུད་ནས་མིས་དབོར་དགོས་པ་དང་། སློབ་དེབ་གཅིག་སློབ་མ་ཁ་ཤས་ཀྱིས་མཉམ་དུ་སྤྱོད་ཀྱི་ཡོད། སློབ་སྦྱོང་བྱས་ཚར་རྗེས། སློབ་དེབ་དེ་སྐབས་རྗེས་མའི་སློབ་མར་བརྒྱུད་སྤྲོད་བྱེད་དགོས་ཀྱི་ཡོད། དཔེ་དེབ་གཞན་དག་ནི་དཔེ་ཀློག་ལ་དགའ་བའི་མི་དག་གིས་ཕན་ཚུན་གཡར་རེས་བྱེད་ཀྱི་ཡོད་པས་རྩ་ཆེའི་དངོས་པོ་ཞིག་རེད། 2013ལོའི་ཟླ་10ཚེས་31ཉིན་མེ་ཏོག་རྫོང་གི་གཞུང་ལམ་དང་པོའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་དཔེ་དེབ་དཀོན་པོ་ཡོད་པ་དེའང་དུས་དེ་ནས་བཟུང་ལོ་རྒྱུས་སུ་གྱུར་ཏེ། དཔེ་དེབ་སྤྲོད་པ་དང་དཔེ་དེབ་བརྗེ་རེས་ཀྱི་བྱེད་སྒོ་དེ་སྔར་སོང་ལོ་ཟླར་དྲན་གསོ་བྱེད་སྟངས་ཤིག་ཏུ་གྱུར་ཡོད།
       ད་ལྟ་མེ་ཏོག་རྫོང་དུ་ཤིན་ཧྭ་དཔེ་ཚོང་ཁང་གི་གཞི་ཁྱོན་ཆེ་ཙམ་ཡོད་པ་དང་མི་རྣམས་ཀྱི་དཔེ་དེབ་ཉོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། རྫོང་དཔེ་མཛོད་ཁང་ཡང་དེབ་ཁྲི་གཅིག་ལྷག་ཙམ་ཡོད་པའི“པད་མ་བཀོད་དཔེ་ཁང”དུ་བསྐྲུན་པ་དང་། ཁོར་ཡུག་ལེགས་པས་ས་གནས་དེ་གའི་མང་ཚོགས་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བའི“བསམ་པའི་མཆོག་ནོར”ཞིག་དང་དྲ་ཐོག་མིང་ཅན་གི་དམིགས་ས་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་རྩོམ་ཡིག