ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ནག་ཆུའི་སྐར་མ་ལྔ་རིམ་པའི་མགྲོན་ཁང་ཐོག་མ་དེ་བསྐྲུན་འགོ་ཚུགས་འདུག

2024-06-26
            ཉེ་དུས། ནག་ཆུའི་ཀྲེ་ཅང་གསོལ་མགྲོན་ཁང་ཆེན་མོས་རྨང་རྡོ་འདིང་བའི་མཛད་སྒོ་འཚོགས་པ་དང་། དེས་ནག་ཆུ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་བྱས་པའི་སྐར་མ་ལྔ་རིམ་པའི་ཚད་གཞི་ལྟར་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་མགྲོན་ཁང་ཐོག་མ་དེ་དངོས་སུ་ཨར་སྐྲུན་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།
            གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མགྲོན་ཁང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར2.7བཏང་ཡོད་པ་དང་།འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་5ཡོད་པར་མ་ཟད། སྨི་ངོས་གྲུ2000ག་ཙམ་གྱི་སྐྱེ་ཁམས་གླིང་ཡོད་པས། མི་300ལྷག་གི་ལུས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། རྣམ་གྲངས་དེ་འཛུགས་སྐྲུན་བྱེད་པའི་ལས་ཡུན་ཁྱོན་ཟླ་བ་30ཡིན་པ་དང་། སྔོན་དཔག་བྱས་ན2016ལོའི་ལོ་མཇུག་ཏུ་ལས་མཇུག་བསྒྲིལ་ནས་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ནག་ཆུ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་དུས་འཚམས་གསར་པར་གཞི་བཙུགས་ནས། འཕེལ་རྒྱས་ཀྱི་བསམ་བློ་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། ཐབས་བརྒྱ་ཇུས་སྟོང་གིས་ཚོང་འགུགས་མ་འདྲེན་ལས་དོན་སྤེལ་ཡོད་པ་རེད།བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོརནག་ཆུ་གྲོང་ཁྱེར་གྱིས་ཁྱོན་རྣམ་གྲངས51ལ་མ་རྩ་འདྲེན་པར་ད་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར26.68ལག་བསྟར་ཐུབ་ཡོད་པས། ཚད་བརྒལ་ངང་ལོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆའི157ལེགས་གྲུབ་བྱུང་བར་མ་ཟད། མི2237ལས་ཞུགས་ཐུབ་ཡོད་ཅིང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར25.66བཏང་བར། ངལ་རྩོལ་ཡོང་འབབ་སྒོར་ཁྲི1541.9བྱུང་ཡོད་པ་རེད། སྔོན་དཔག་ལྟར་ན།  2024ལོར་ཚོང་འགུགས་མ་འདྲེན་བྱེད་ཚད་སྒོ་དུང་ཕྱུར23ཡན་ཟིན་བཟོ་ཡོད་པ་རེད།
 
རྩོམ་སྒྲིག་པ། རིག་གྲོལ།
འབྲེལ་ཡོད་རྩོམ་ཡིག