འདི་ནི་སྐར་ཚོགས་འོག་གི་ཏ་ཆིང་སྣུམ་ཞིང་གི་ཤིན་ཧོ་ཆུ་ངོས་ཀྱི་འོད་ཤུགས་གློག་ཁང་ཡིན་པ།
རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་ལོ་འཁོར་གྱི་བསྐྱར་སྐྱེས་ནུས་རྒྱུའི་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་ལྗང་མདོག་གློག་ཤུགས་འགྲན་བསྡུར་ཁྲོད་ཀྲུང་གོ་མདུན་གྲལ་དུ་སླེབས་ཡོད། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཅི་ཝ་5500ལས་བརྒལ་རྒྱུ་ཡིན་པ་དང་དེའི་ནང་ཀྲུང་གོས་60%ཙམ་བཟུང་རྒྱུ་ཡིན་པ་རེད། སྐབས་དེ་དུས་ཀྲུང་གོས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུའི་གློག་གཏོང་ཚད་ཀྱི་ཕྱེད་ཀ་ཙམ་བཟུང་བཟོ་ཡོད་པ་རེད། དུས་རབས་འདིའི་དུས་མཇུག་ཏུ་སླེབས་སྐབས་བསྐྱར་སྐྱེས་ནུས་རྒྱུའི་གློག་ཤུགས་ཀྱིས་གོ་ལ་ཧྲིལ་པོའི་གློག་ཤུགས་དགོས་མཁོའི་ཕྱེད་ཀ་ཙམ་འཛིན་རྒྱུ་ཡིན།
གནས་ཚུལ་སྤེལ་བའི་ནང་ཀྲུང་གོ་ནི་ཉི་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་མང་དུ་གཏོང་མང་ཤོས་ཀྱི་རྒྱལ་ཁབ་ཅིག་རེད་ཅེས་བསྟན་ཡོད། སྙན་ཞུའི་ནང་ཀྲུང་གོས་ནུས་རྒྱུའི་རྣམ་གྲངས་ཆེ་གྲས་ལ་སྐུལ་འདེད་བཏང་བ་མ་ཟད། ཉི་འོད་ནུས་པའི་ཁ་པང་ཁྱིམ་ཚང་དུ་ཁྱབ་གདལ་གཏོང་ཚད་ཀྱང་ཉིན་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་འཁོད་ཡོད།
རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། མིག་སྔའི་མྱུར་ཚད་ལ་གཞིགས་ན་2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་2023ལོ་ལས་ལྡབ་2.7འཕར་རྒྱུ་ཡིན།
—— སི་ཕེན་གྱི《ཨ་པེ་སའེ་ཚགས་པར》དྲ་ཚུགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།